དབྱི་རག་གིས་དབྱི་ལིང་གི་རེ་བ་ལྟར་མཐའ་མཚམས་ཀྱི་རྒྱུ་ལམ་གཅིག་ལ་བཀག་སྡོམ་བྱས། 
2019.11.17 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 27

དབྱི་རག་མཐའ་སྲུང་དོ་དམ་ཅུའུ་ཡིས་ཚེས་བཅུ་དྲུག་ཉིན་བསྒྲགས་པ་ལྟར་ན། དབྱི་ལིང་གི་རེ་བ་ལྟར་དུ། དབྱི་རག་དང་དབྱི་ལིང་གི་མཐའ་མཚམས་སུ་གནས་པའི་ཧྲ་ལཱ་མུའུ་ཆེ་ཧི་རྒྱུ་ལམ་ཉིན་དེར་བཀག་སྡོམ་བྱས་པ་དང་། མི་སྣ་དག་དབྱི་རག་ནས་དབྱི་ལིང་གི་མངའ་ཁོངས་སུ་འགྲོ་བར་བཀག་འགོག་བྱས་ཀྱང་། རྒྱུ་ལམ་དེའི་ཉོ་ཚོང་འཁོར་རྒྱུག་ལ་གནས་སྐབས་སུ་ཤུགས་རྐྱེན་ཐེབས་མེད་ཟེར། 

དབྱི་ལིང་མཐའ་སྲུང་དོ་དམ་ཅུའུ་ཡི་མགྲིན་ཚབ་པ་ཁཱ་དབྱེ་ཞི་ཡིས་གསལ་སྒྲོག་ཅིག་ལས་བཤད་རྒྱུར། མིག་སྔར་དབྱི་རག་ནས་དབྱི་ལིང་དུ་འགྲོ་བའི་མི་སྣའི་རྒྱུན་ལ་བཀག་འགོག་བྱས་ཡོད་ཀྱང་། རྒྱུ་ལམ་དེའི་ཉོ་ཚོང་འགྲོ་འོང་རྒྱུན་ལྡན་ངང་སྤེལ་བཞིན་ཡོད། དབྱི་ལིང་དུ་ཡོད་པའི་དབྱི་རག་གི་སྤྱི་དམངས་དག་རྒྱུ་ལམ་དེ་བརྒྱུད་དེ་ཕྱིར་དབྱི་རག་ཏུ་ལོག་ཆོག་པ་ཡིན་ཟེར། 

མགྲིན་ཚབ་པ་དེས་བཤད་རྒྱུར། དབྱི་ལིང་དུ་ངོ་རྒོལ་ལས་འགུལ་བྱུང་བའི་དབང་གིས་གོང་གི་བྱེད་ཐབས་དེ་ནི་དབྱི་ལིང་ཕྱོགས་ཀྱི་རེ་བ་ལྟར་བཏོན་པ་ཡིན་ཟེར། 

གསར་འགྱུར་ལས་རིགས་ཀྱིས་བསྒྲགས་པ་ལྟར་ན། ཟླ་འདིའི་ཚེས་བཅོ་ལྔ་ཉིན་གྱི་ཚུན་ལ། དབྱི་ལིང་གི་གྲོང་ཁྱེར་མང་བོ་ཞིག་ཏུ་ངོ་རྒོལ་ལས་འགུལ་བྱུང་ཡོད་པ་རེད། 




ལོ་ཙཱ་བ། བསོད་ནམས་ཚེ་རིང་།