ནེ་ཀྲི་རི་ཡཱའི་ལྷོ་ནུབ་ས་ཁུལ་དུ་འགྲིམ་འགྲུལ་དོན་རྐྱེན་ཚབས་ཆེན་ཞིག་བྱུང་སྟེ་མི་བདུན་རྐྱེན་ལམ་དུ་ཤོར། 
2019.11.17 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 39

ནེ་ཀྲི་རི་ཡཱི་ལྷོ་ནུབ་ཕྱོགས་ཀྱི་ཨོ་སོན་ཀྲིག་ནས་ཚེས་བཅུ་དྲུག་ཉིན་འགྲིམ་འགྲུལ་དོན་རྐྱེན་ཚབས་ཆེན་ཞིག་བྱུང་སྟེ། མི་བདུན་རྐྱེན་ལམ་དུ་ཤོར་བ་དང་། མི་གཅིག་ལ་རྨས་ཕོག་ཟེར། 

ཨོ་སོན་ཀྲིག་གི་ལམ་སྲིད་དོ་དམ་སྡེ་ཁག་གི་འགན་ཁུར་བ་ཨོ་ཁི་ཡིས་གསར་འགྱུར་ལས་རིགས་ལ་བསྟན་དོན། འགྲིམ་འགྲུལ་དོན་རྐྱེན་དེ་ཀྲིག་དེའི་མྱུར་བགྲོད་གཞུང་ལམ་ཞིག་གི་སྟེང་བྱུང་བ་དང་། དངོས་སྐྱེལ་རླངས་འཁོར་ཆེ་བ་ཞིག་མི་བརྒྱད་བསྡད་ཡོད་པའི་ཚོང་དོན་རླངས་འཁོར་ཞིག་ལ་ཐོ་བརྒྱབ་པ་རེད། ཚོང་དོན་རླངས་འཁོར་སྟེང་གི་མི་བདུན་རྐྱེན་ལམ་དུ་ཤོར་བ་དང་། གཞན་ཡང་མི་གཅིག་ལ་རྨས་ཕོག་ཡོད། རྨས་མ་དེ་སྨན་ཁང་དུ་བསྐྱལ་ནས་གསོ་བཅོས་བྱེད་བཞིན་ཡོད་ཟེར། 

ཨོ་ཁི་ཡིས་བསྟན་དོན། མང་ཚོགས་ཀྱིས་རླངས་འཁོར་བསྐོར་སྐབས་མྱུར་ཚད་ལས་བརྒལ་བ་དང་ཁྲིམས་འགལ་གྱི་བྱ་སྤྱོད་སྔོན་འགོག་བྱ་དགོས་ཟེར། 

ལམ་མི་བདེ་བ་དང་ཐེག་ཚད་དང་མྱུར་ཚད་ལས་བརྒལ་བ་སོགས་རྒྱུ་རྐྱེན་དབང་གིས་ནེ་ཀྲི་རི་ཡཱ་ནས་འགྲིམ་འགྲུལ་དོན་རྐྱེན་རྒྱུན་དུ་འབྱུང་བཞིན་ཡོད། 




ལོ་ཙཱ་བ། བསོད་ནམས་ཚེ་རིང་།