ཁྲའོ་ཞན་གྱིས་རང་སྟེང་ལ་ཕན་ཐོགས་མེད་པའི་ཁྲའོ་ཞན་དང་ཨ་མེ་རི་ཁའི་མགོ་གཙོའི་གྲོས་མོལ་ལ་སྤྲོ་བ་མེད་པའི་ཚུལ་བསྟན། 
2019.11.19 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 32

ཁྲའོ་ཞན་ཕྱི་འབྲེལ་པུའུ་ཡི་བློ་འདོན་པ་ཅིན་ཀོས་ཀོན་གྱིས་ཚེས་བཅོ་བརྒྱད་ཉིན་བསྟན་དོན། ཁྲའོ་ཞན་རང་སྟེང་ལ་ཕན་ཐོགས་མེད་པའི་ཁྲའོ་ཞན་དང་ཨ་མེ་རི་ཁའི་མགོ་གཙོའི་གྲོས་མོལ་ལ་སྤྲོ་བ་མེད་ཟེར། ཁོས་གལ་ཏེ་ཨ་མེ་རི་ཁ་ཕྱོགས་ཀྱིས་ཁྲའོ་ཞན་བར་གྱི་གྲོས་མོལ་སྲུང་འཛིན་བྱེད་འདོད་ན། ངེས་པར་དུ་ཁྲའོ་ཞན་དགྲ་རུ་འཛིན་པའི་སྲིད་ཇུས་མེད་པར་གཏོང་དགོས་པ་ནན་བཤད་བྱས། 

ཅིན་ཀོས་ཀོན་གྱིས་བཤད་རྒྱུར། ཁོས་ཨ་མེ་རི་ཁའི་ཙུང་ཐུང་ཐི་ལིང་ཕུའུ་ཡིས་ཚེས་བཅུ་བདུན་ཉིན་སྤེལ་བའི་རྩོམ་ཡིག་མཐོང་བ་དང་། རྩོམ་ཡིག་དེ་ཐི་ལིང་ཕུའུ་ཡིས་སྐོར་ཐེངས་གསར་བའི་ཁྲའོ་ཞན་དང་ཨ་མེ་རི་ཁའི་མགོ་གཙོའི་གྲོས་མོལ་སྤེལ་འདོད་ཡོད་པའི་ལྐོག་བརྡ་བཏང་བར་བསམ་ཡོད། ན་ནིང་ཟླ་དྲུག་པ་ནས་བཟུང་། ཁྲའོ་ཞན་དང་ཨ་མེ་རི་ཁས་མགོ་གཙོའི་གྲོས་མོལ་ཐེངས་གསུམ་ལ་སྤེལ་ཡང་། ཁྲའོ་ཞན་དང་ཨ་མེ་རི་ཁའི་འབྲེལ་བར་འགྱུར་ལྡོག་གསར་བ་བྱུང་མེད། ང་ཚོ་ཁྲའོ་ཞན་ལ་ཕན་ཐོགས་མེད་པའི་གྲོས་མོལ་དེ་རིགས་ལ་ཡང་བསྐྱར་སྤྲོ་བ་འབྱུང་མི་སྲིད། གལ་ཏེ་ཨ་མེ་རི་ཁས་ཁྲའོ་ཞན་བར་གྱི་གྲོས་མོལ་བསྐྱུར་འདོད་མེད་པ་ངོ་མ་ཡིན་ན། ངེས་པར་དུ་ཐོག་མར་ཁྲའོ་ཞན་དགྲ་རུ་འཛིན་པའི་སྲིད་ཇུས་མེད་པར་གཏོང་བའི་ཐབས་འདོན་དགོས་ཟེར། 




ལོ་ཙཱ་བ། བསོད་ནམས་ཚེ་རིང་།