ཨུ་རུ་སི་རྒྱལ་ཕྲན་མཉམ་འབྲེལ་བདེ་འཇགས་ཅུའུ་ཡིས་འཇིགས་སྐུལ་འཇབ་རྒོལ་བྱ་འགུལ་ཞིག་ཕམ་ཉེས་སུ་བཏང་། 
2019.12.12 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 34

ཨུ་རུ་སི་རྒྱལ་ཕྲན་མཉམ་འབྲེལ་བདེ་འཇགས་ཅུའུ་ཡིས་ཚེས་བཅུ་གཅིག་ཉིན་བཤད་རྒྱུར། ཨུ་རུ་སིའི་བདེ་འཇགས་སྡེ་ཁག་གིས་ཚེས་བཅུ་ཉིན་བྱང་ཕྱོགས་ཀྱི་མའོ་ཨར་མན་སི་ཁི་གྲོང་ཁྱེར་ནས་འཇིགས་སྐུལ་འཇབ་རྒོལ་བྱ་འགུལ་ཞིག་ཕམ་ཉེས་སུ་བཏང་སྟེ། འཇིགས་སྐུལ་འཇབ་རྒོལ་སྤེལ་རྩིས་ཡོད་པའི་མི་སྣ་གཅིག་འཛིན་བཟུང་བྱས་ཟེར། 

ཨུ་རུ་སི་རྒྱལ་ཕྲན་མཉམ་འབྲེལ་བདེ་འཇགས་ཅུའུ་ཡིས་བཤད་རྒྱུར། འཛིན་བཟུང་བྱས་པའི་འཇབ་རྒོལ་མཁན་ནི་ཨུ་རུ་སིའི་སྤྱི་དམངས་ཡིན་པ་དང་། ཝུའུ་ཁི་ལན་གཡས་ཕྱོགས་མི་རིགས་རིང་ལུགས་རྩ་འཛུགས་ཀྱི་རྒྱབ་སྐྱོར་མཁན་རེད། ཁོས་རང་བཟོས་འགས་གཏོར་སྒྲིག་ཆས་བཀོལ་ནས་ས་དེའི་སྲིད་གཞུང་ཐོག་ཁང་ལ་འཇབ་རྒོལ་བྱེད་པའི་འཆར་གཞི་ཡོད་ལ། ཨུ་རུ་སིའི་བདེ་འཇགས་སྡེ་ཁག་གིས་དུས་ལྟར་ཤེས་ནས་བཀག་འགོག་བྱས་པ་ཡིན་ཟེར། 




ལོ་ཙཱ་བ། བསོད་ནམས་ཚེ་རིང་།