ཨ་ཧྥེ་རི་ཁ་གླིང་གི་རྒྱལ་ཁབ་མང་བོའི་མགོ་ཁྲིད་པས་ཕྱི་ཕྱོགས་སྟོབས་ཤུགས་ཀྱི་ཐེ་གཏོགས་མེད་པར་བཏང་ནས་འཇིགས་སྐུལ་རིང་ལུགས་ལ་ཆམ་ཕབ་གཏོང་དགོས་པའི་འབོད་སྐུལ་བཏང་། 
2019.12.13 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 16

ཨེ་ཅིབ་ལྷོ་ཕྱོགས་ཀྱི་ཨ་སི་ཝང་གྲོང་ཁྱེར་ནས་སྤེལ་བའི་ཨ་སི་ཝང་རྒྱུན་མཐུད་ཞི་བདེ་དང་འཕེལ་རྒྱས་གླེང་སྟེགས་སྟེང་། ཨ་ཧྥེ་རི་ཁ་གླིང་གི་རྒྱལ་ཁབ་མང་བོའི་མགོ་ཁྲིད་པས་ཚེས་བཅུ་གཉིས་ཉིན་ཕྱི་ཕྱོགས་སྟོབས་ཤུགས་ཀྱི་ཐེ་གཏོགས་མེད་པར་བཏང་ནས་འཇིགས་སྐུལ་རིང་ལུགས་ལ་ཆམ་ཕབ་གཏོང་དགོས་པའི་འབོད་སྐུལ་བཏང་།

ཚོགས་ཡུན་ཉིན་གཉིས་ཡིན་པའི་ཨ

སི་ཝང་གླེང་སྟེགས་ཚེས་བཅུ་གཅིག་ཉིན་སྤེལ་མགོ་བརྩམས། ཨེ་ཅིབ་ཀྱི་ཙུང་ཐུང་སེ་ཞི་དང་སེ་ནེ་ཀལ་གྱི་ཙུང་ཐུང་སཱ་ལེ་སོགས་ཨ་ཧྥེ་རི་ཁ་གླིང་གི་རྒྱལ་ཁབ་ཀྱི་མགོ་ཁྲིད་པ་དང་རྒྱལ་སྤྱིའི་རྩ་འཛུགས་ཀྱི་འཐུས་མི་སྐོར་ཞིག་གླེང་སྟེགས་ལ་ཞུགས། 

གླེང་སྟེགས་སྟེང་རྒྱལ་ཁབ་མང་བོའི་མགོ་ཁྲིད་པས་འཇིགས་སྐུལ་རིང་ལུགས་ཀྱིས་ཨ་ཧྥེ་རི་ཁའི་འཕེལ་རྒྱས་ཐད་ཐེབས་པའི་འཇིགས་ཉེན་དང་གཏོར་བརླག་གླེང་བར་མ་ཟད། ཕྱི་ཕྱོགས་སྟོབས་ཤུགས་ལས་ཨ་ཧྥེ་རི་ཁ་ནང་ཁུལ་གྱི་ལས་དོན་ལ་ཐེ་གཏོགས་བྱས་པ་ལས་ཨ་ཧྥེ་རི་ཁ་གླིང་གི་འཇིགས་སྐུལ་ལ་ངོ་རྒོལ་བྱེད་པའཕེལ་རིམ་ལ་བཀག་རྒྱ་ཐེབས་ཡོད་ཟེར། 

སེ་ཞི་ཡིས་བཤད་རྒྱུར། ཨ་ཧྥེ་རི་ཁ་གླིང་གི་རྒྱལ་ཁབ་གང་ཡིན་ཡང་འཇིགས་སྐུལ་རིང་ལུགས་ཀྱི་ཤུགས་རྐྱེན་ཐེབས་བཞིན་ཡོད་པས། འཛམ་གླིང་ཡོངས་ཀྱི་ཁྱབ་ཁོངས་ནང་འཇིགས་སྐུལ་རིང་ལུགས་ལ་རྒྱབ་སྐྱོར་བྱེད་པའི་རྒྱལ་ཁབ་དག་ལ་ཕན་ནུས་ལྡན་པའི་ཐུན་མོང་གི་འགུལ་སྐྱོད་སྤེལ་དགོས་པའི་འབོད་སྐུལ་བཏང་། 

སཱ་ལེ་ཡིས་བཤད་རྒྱུར། འཇིགས་སྐུལ་རིང་ལུགས་ལ་ཆམ་ཕབ་གཏོང་བས་ཨ་ཧྥེ་རི་ཁ་གླིང་གི་སྔོན་རྩིས་ཁྲོད་བསྡུར་ཚད་ཅུང་ཆེན་པོ་ཞིག་ཟིན་ཡོད་ཀྱང་། དོན་དངོས་གྲུབ་འབྲས་ཀུན་གྱི་རེ་བ་དང་མཐུན་པ་ཞིག་མ་ཡིན་ཟེར། ཁོས་ཕྱི་ཕྱོགས་སྟོབས་ཤུགས་ཀྱིས་ཨ་ཧྥེ་རི་ཁ་གླིང་གི་འཇིགས་སྐུལ་ལ་ངོ་རྒོལ་བྱེད་པའི་ལས་དོན་ལ་ལྡོག་ཕྱོགས་ཀྱི་ཤུགས་རྐྱེན་ཐེབས་ཡོད་ཟེར། 




ལོ་ཙཱ་བ། བསོད་ནམས་ཚེ་རིང་།