སུའུ་ཏན་བདག་དབང་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཡིས་ཨ་རབ་རྒྱལ་ཁབ་དག་གིས་སུའུ་ཏན་ལ་རྒྱབ་སྐྱོར་བྱ་དགོས་པའི་འབོད་སྐུལ་བཏང་། 
2019.12.13 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 50

སུའུ་ཏན་བདག་དབང་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་པུའུ་ཨར་ཧན་གྱིས་ཚེས་བཅུ་གཉིས་ཉིན་སུའུ་ཏན་གྱི་རྒྱལ་ས་ཁཱ་ཐུའུ་མུའུ་ནས་བསྟན་དོན། སུའུ་ཏན་སྲིད་གཞུང་གིས་ཕྱོགས་ཡོངས་ཀྱི་འདྲ་མཉམ་གྱི་ཞི་བདེ་མངོན་འགྱུར་བྱེད་པར་འབད་འབུངས་བྱེད་བཞིན་ཡོད་ལ། ཨ་རབ་རྒྱལ་ཁབ་ཀྱི་སྤུན་ཟླ་དག་གིས་སུའུ་ཏན་ལ་རྒྱབ་སྐྱོར་བྱ་དགོས་པའི་རེ་བ་བཏོན། 

ཨ་རབ་རྒྱལ་ཁབ་རྒྱང་སྒྲོག་མནའ་འབྲེལ་ཚོགས་ཆེན་སྐབས་སོ་དགུ་བ་ཚེས་ལྔ་ཉིན་ནས་ཚེས་བཅུ་གཉིས་ཉིན་བར་ཁཱ་ཐུའུ་མུའུ་ནས་སྤེལ། པུའུ་ཨར་ཧན་གྱིས་ཚེས་བཅུ་གཉིས་ཉིན་ཚོགས་ཆེན་མཇུག་སྒྲིལ་བའི་གཏམ་བཤད་སྤེལ་སྐབས། ཨ་རབ་རྒྱལ་ཁབ་རྒྱང་སྒྲོག་མནའ་འབྲེལ་གྱིས་འདས་པའི་ལོ་ངོ་ལྔ་བཅུའི་ནང་གྲུབ་འབྲས་མང་བོ་བླངས་ཡོད་པ་དང་། ཐེངས་འདིའི་གྲོས་ཚོགས་བདེ་བླག་ངང་སྤེལ་བ་དེས་སུའུ་ཏན་གྱིས་རིམ་བཞིན་རྒྱལ་ཁབ་འཛུགས་སྐྲུན་སླར་གསོ་བྱེད་བཞིན་པ་མཚོན་ཡོད་ཟེར། 

པུའུ་ཨར་ཧན་གྱིས་བཤད་རྒྱུར། སུའུ་ཏན་སྲིད་གཞུང་གིས་ཕྱོགས་ཡོངས་ཀྱི་འདྲ་མཉམ་ཞི་བདེ་མངོན་འགྱུར་བྱེད་པ་དང་། དཔལ་འབྱོར་གྱི་དཀའ་གནད་ཐག་གཅོད་བྱེད་པར་འབད་བརྩོན་བྱས་ཏེ། མང་ཚོགས་ལ་འཚོ་བ་བཟང་བོ་ཞིག་ལྡན་པར་ཁག་ཐེག་བྱ་རྒྱུ་ཡིན་ཟེར། ཁོས་ཨ་རབ་རྒྱལ་ཁབ་ཀྱི་སྤུན་ཟླ་དག་གིས་སུའུ་ཏན་དང་མཉམ་དུ། མིག་སྔའི་དུས་རིམ་གལ་ཆེན་དུ་སུའུ་ཏན་བར་ཕན་ཚུན་རྒྱབ་སྐྱོར་བྱ་དགོས་པའི་འབོད་སྐུལ་བཏང་། 




ལོ་ཙཱ་བ། བསོད་ནམས་ཚེ་རིང་།