ཐུར་ཁེའི་སྔོན་ཆད་ཀྱི་ཙུང་ལི་ཏཱ་ཝུའུ་ཐི་ཨོ་ལུའུ་ཡིས་སྲིད་ཏང་གསར་བ་རྩ་འཛུགས་བྱས།
2019.12.14 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 37

ཐུར་ཁེའི་སྔོན་ཆད་ཀྱི་ཙུང་ལི་ཏཱ་ཝུའུ་ཐི་ཨོ་ལུའུ་ཡིས་ཚེས་བཅུ་གསུམ་ཉིན་ཨན་ཁཱ་ལཱ་ནས་མ་འོངས་ཏང་ཞེས་པའི་སྲིད་ཏང་གསར་བ་རྩ་འཛུགས་བྱས་པ་ཁྱབ་སྒྲོག་བྱས། 

ཏཱ་ཝུའུ་ཐི་ཨོ་ལུའུ་ཡིས་བཤད་པ་ལྟར་ན། མ་འོངས་ཏང་གིས་ཐུར་ཁེའི་དཔལ་འབྱོར་དར་རྒྱས་སུ་གཏོང་བ་དང་བཅོས་སྐྱོང་བྱེད་ཐབས་གསར་གཏོད་བྱེད་པར་བརྩོན་ལེན་བྱ་རྒྱུ་ཡིན་ཟེར། ཁོས་ཏང་གསར་དུ་འཛུགས་པའི་མཛད་སྒོའི་སྟེང་བཤད་རྒྱུར། ཐུར་ཁེ་ལ་མདུན་ལམ་དང་མ་འོངས་པ་ཡོད་ཅིང་། གནོན་ཤུགས་སྣ་ཚོགས་དང་འཇིགས་སུ་རུང་བའི་སྣང་ཚུལ་ཡོད་ཀྱང་། ང་ཚོས་སྔར་བཞིན་མཐུན་སྒྲིལ་བྱས་ཏེ། ང་ཚོའི་རྒྱལ་ཁབ་ཀྱི་ཆེད་དུ་དར་རྒྱས་ཀྱི་མ་འོངས་པ་ཞིག་གསར་སྐྲུན་བྱ་དགོས་ཟེར།



ལོ་ཙཱ་བ། བསོད་ནམས་ཚེ་རིང་།