​ཝེ་ཏིས་མཱ་ལཱ་ཡིས་ཝེ་ནེ་ཙུའེ་ལཱའི་བར་གྱི་འབྲེལ་ཐག་གཅོད་རྒྱུ་ཁྱབ་སྒྲོག་བྱས།
2020.01.18 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 35

ཝེ་ཏིས་མཱ་ལཱའི་ཙུང་ཐུང་ཅཱ་མཱ་ཐེ་ཡིས་ཚེས་བཅུ་དྲུག་ཉིན་ཝེ་ནེ་ཙུའེ་ལཱའི་བར་གྱི་ཕྱི་ཕྱོགས་འབྲེལ་ཐག་གཅོད་རྒྱུ་ཁྱབ་སྒྲོག་བྱས། 

ཅཱ་མཱ་ཐེ་ཡིས་ཉིན་དེར་རྒྱལ་ས་ཝེ་ཏིས་མཱ་ལཱ་མཁར་ནས་མེ་གླིང་རྒྱལ་ཁབ་རྩ་འཛུགས་ཀྱི་དྲུང་ཡིག་ཆེན་མོ་ཨ་ཨར་མཱ་ཀི་ལོ་དང་གྲོས་མོལ་བྱས། ཅཱ་མཱ་ཐེ་ཡིས་གྲོས་མོལ་བྱས་རྗེས་གསར་འགྱུར་ལས་རིགས་ལ་བརྟེན་དོན། ཁོ་དང་ཨ་ཨར་མཱ་ཀི་ལོ་ཡིས་ཝེ་ནེ་ཙུའེ་ལཱའི་གནས་བབ་སོགས་གྲོས་གཞིར་གྲོས་བསྡུར་བྱས་པ་དང་། ཝེ་ནེ་ཙུའེ་ལཱའི་གནས་བབ་ནི་སྐམ་ས་ཆེན་མོ་ཡོངས་ཀྱིས་སེམས་ཁུར་བྱེད་པའི་གླེང་གཞི་ཞིག་རེད་ཟེར། 

ཅཱ་མཱ་ཐེ་ཡིས་བཤད་རྒྱུར། ཝེ་ཏིས་མཱ་ལཱ་ཡིས་ཝེ་ནེ་ཙུའེ་ལཱ་སྲིད་གཞུང་བར་གྱི་འབྲེལ་ཐག་གཅོད་རྒྱུ་ཐག་བཅད་པ་དང་། ཝེ་ནེ་ཙུའེ་ལཱའི་ཝེ་ཏིས་མཱ་ལཱ་རུ་སྡོད་པའི་གཞུང་ཚབ་ཁང་གི་ལས་བྱེད་མི་སྣ་གཅིག་ཡོད་པ་དེ་མིག་སྔར་ཕྱིར་རྒྱལ་ནང་དུ་ལོག་རྒྱུ་རེད་ཟེར། 

ཝེ་ནེ་ཙུའེ་ལཱའི་ཕྱི་འབྲེལ་བློན་ཆེན་ཨ་ལོས་ཡཱ་སཱ་ཡིས་བསྟན་དོན། ཅཱ་མཱ་ཐེ་ཡིས་ཨ་མེ་རི་ཁའི་ཙུང་ཐུང་ཐི་ལིང་ཕུའུ་ལ་རྒྱབ་བརྟེན་བྱས་པར་སྐྱོན་འཛུགས་བྱས་པ་དང་། ཞོར་དུ་ཝེ་ཏིས་མཱ་ལཱའི་མི་དམངས་ལ་བརྩི་འཇོག་དང་དགའ་བོ་ཡོད་པའི་ཚུལ་བསྟན།



ལོ་ཙཱ་བ། བསོད་ནམས་ཚེ་རིང་།