​དབྱི་ལིང་གིས་གལ་ཏེ་དབྱི་སི་རལ་གྱིས་ས་ཁུལ་གྱི་ཁེ་ཕན་ལ་གནོད་པ་བཟོས་ན་མཐའ་གཅིག་ཏུ་རྒོལ་ལན་སྤྲོད་རྒྱུའི་ཚུལ་བསྟན།
2020.02.14 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 56

དབྱི་ལིང་ཕྱི་འབྲེལ་པུའུ་ཡི་མགྲིན་ཚབ་པ་མུའུ་སཱ་ཝེ་ཡིས་ཚེས་བཅུ་གཉིས་ཉིན་བཤད་རྒྱུར། དབྱི་སི་རལ་གྱིས་ས་ཁུལ་རང་གི་དབྱི་ལིང་གི་ཁེ་ཕན་ལ་གནོད་པ་བཟོས་ན་དབྱི་ལིང་གིས་མཐའ་གཅིག་ཏུ་རྒོལ་ལན་སྤྲོད་ངེས་ཡིན་ཟེར། 

མུའུ་སཱ་ཝེ་ཡིས་གསལ་སྒྲོག་སྤེལ་ཏེ། དབྱི་ལིང་གིས་སི་རི་ཡཱའི་སྲིད་གཞུང་གི་གདན་ཞུ་དང་ཆོག་མཆན་ཐོབ་པའི་གནས་ཚུལ་འོག་སི་རི་ཡཱ་ཡིས་འཇིགས་སྐུལ་རིང་ལུགས་ལ་ཆམ་ཕབ་གཏོང་བར་རོགས་རམ་བྱེད་ངེས་ཡིན། དབྱི་ལིང་གི་སི་རི་ཡཱ་དང་ཐ་ན་ས་ཁུལ་ཡོངས་ཀྱི་ཁེ་ཕན་ལ་སྲུང་སྐྱོབ་བྱེད་པ་དང་རྒྱལ་ཁབ་རང་གི་བདེ་འཇགས་ལ་སྲུང་སྐྱོབ་བྱེད་པའི་ཐད་ནས་དབྱི་ལིང་གིས་འཛེམ་དོགས་ཅི་ཡང་བྱེད་མི་སྲིད་ཟེར། མུའུ་སཱ་ཝེ་ཡིས་ད་རུང་དབྱི་སི་རལ་གྱིས་དྲག་ཤུགས་ཀྱི་ཐབས་ལ་བརྟེན་ནས་ཕཱ་ལེ་སི་ཐན་དང་ཁྱིམ་མཚེས་རྒྱལ་ཁབ་ཀྱི་མངའ་ཁོངས་བཙན་བཟུང་བྱེད་པའི་བྱ་སྤྱོད་ལ་རྒོལ་གཏམ་དྲག་པོ་བཏང་།



ལོ་ཙཱ་བ། བསོད་ནམས་ཚེ་རིང་།