​ཧེ་ཐིའི་དྭ་ཕྲུག་ཁང་ཞིག་ཏུ་མེ་སྐྱོན་བྱུང་སྟེ་མི་བཅུ་བཞི་རྐྱེན་ལམ་དུ་ཤོར།
2020.02.15 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 0

ཧེ་ཐིའི་སྤྱི་ཚོགས་ཕན་བདེ་ལས་ཁུངས་ཀྱི་འགན་ཁུར་བ་ཝེ་ཨར་ཏི་ལུའུ་ཨན་གྱིས་ཚེས་བཅུ་བཞིའི་ཉིན་བཤད་རྒྱུར། རྒྱལ་སྲས་གྲུ་ཁའི་ཉེ་འདབས་སུ་ཡོད་པའི་དྭ་ཕྲུག་ཁང་ཞིག་ལ་ཚེས་བཅུ་གསུམ་ཉིན་མེ་སྐྱོན་བྱུང་སྟེ། བྱིས་པ་བཅུ་བཞི་རྐྱེན་ལམ་དུ་ཤོར་ཟེར། 

བསྒྲགས་པ་ལྟར་ན། མེ་སྐྱོན་བྱུང་བའི་དྭ་ཕྲུག་ཁང་དེ་རྒྱལ་སྲས་གྲུ་ཁའི་ལྷོ་ངོས་ཀྱི་སྤྱི་ལེ་བཅུའི་མཚམས་སུ་ཡོད་པའི་ཁུན་སི་ཁི་ཧྥུའུ་གྲོང་རྡལ་དུ་ཡོད། ཚེས་བཅུ་གསུམ་ཉིན་གྱི་དགོང་མོའི་དུས་ཚོད་དགུའི་ཡས་མས་སུ། དྭ་ཕྲུག་ཁང་ལ་གློ་བུར་དུ་མེ་སྐྱོན་བྱུང་། མེ་གསོད་མི་སྣ་དག་ཧ་ལམ་དུས་ཚོད་གཅིག་དང་ཕྱེད་ཀའི་རྗེས་སུ་ཡུལ་དངོས་སུ་འབྱོར་བ་རེད། 

ཝེ་ཨར་ཏི་ལུའུ་ཨན་གྱིས་བཅར་འདྲི་དང་ལེན་བྱེད་སྐབས་བཤད་རྒྱུར། དྭ་ཕྲུག་ཁང་དེར་ལས་གཉེར་གྱི་ཐོབ་ཐང་མེད་པ་དང་། མེ་སྐྱོན་དེ་ལས་བྱིས་པ་བཅུ་བཞི་རྐྱེན་ལམ་དུ་ཤོར། མེ་སྐྱོན་འབྱུང་བའི་རྒྱུ་རྐྱེན་གཙོ་བོར་མི་ཤེས་ཟེར། 

གཞན་ཡང་བསྒྲགས་པ་ལྟར་ན། དྭ་ཕྲུག་ཁང་དེར་བྱིས་པ་དྲུག་ཅུ་ཙམ་ཡོད་པ་དང་། ཉིན་དེར་གློག་འདོན་སྒྲིག་ཆས་ལ་ཆག་སྐྱོན་བྱུང་ནས་ཞག་སྒྲོན་བཀར་བ་རེད།



ལོ་ཙཱ་བ། བསོད་ནམས་ཚེ་རིང་།