​ཨུ་རུ་སི་ཡིས་སྒྲའི་མྱུར་ཚད་ལས་བརྒལ་བའི་མཚོན་ཆའི་ལས་གཞི་བཅུ་ཕྲག་ལྷག་ལ་ཞིབ་འཇུག་བྱེད་བཞིན་ཡོད།
2020.02.15 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 0

ཨུ་རུ་སིའི་འཐབ་རྩལ་འཕུར་མདའི་ཀུང་ཟིའི་སྤྱི་གཉེར་བ་ཨོ་པུའུ་ནོའུ་སོ་ཧྥུའུ་ཡིས་ཚེས་བཅུ་བཞིའི་ཉིན་མའོ་སི་ཁི་ནས་བཤད་རྒྱུར། ཨུ་རུ་སི་ཡིས་མིག་སྔར་སྒྲའི་མྱུར་ཚད་ལས་བརྒལ་བའི་མཚོན་ཆའི་ལས་གཞི་བཅུ་ཕྲག་ལྷག་ལ་ཞིབ་འཇུག་བྱེད་བཞིན་ཡོད་ཟེར། 

ཨོ་པུའུ་ནོའུ་སོ་ཧྥུའུ་ཡིས་བཤད་རྒྱུར། ཨུ་རུ་སིའི་འཐབ་རྩལ་འཕུར་མདའི་ཀུང་ཟིའི་མ་འོངས་པའི་ཐོན་རྫས་གསར་སྤེལ་གྱི་ཁ་ཕྱོགས་ནི་སྒྲའི་མྱུར་ཚད་ལས་བརྒལ་བའི་མཚོན་ཆ་ཡིན་པ་དང་། ཀུང་ཟི་ཡིས་དམག་དོན་བཟོ་ལས་ཀྱི་ཁེ་ལས་དང་ཚན་རིག་ཞིབ་འཇུག་གླིང་མང་བོའི་བར་མཉམ་ལས་བྱས་ཏེ། མིག་སྔར་གསར་སྤེལ་བྱེད་བཞིན་པའི་སྒྲའི་མྱུར་ཚད་ལས་བརྒལ་བའི་མཚོན་ཆའི་ལས་གཞི་བཅུ་ཕྲག་ལས་བརྒལ་ཡོད་ཟེར། 

ཨོ་པུའུ་ནོའུ་སོ་ཧྥུའུ་ཡིས་བཤད་རྒྱུར། གསར་སྤེལ་ལས་ཁུངས་སོ་སོའི་སྟོབས་ཤུགས་གཅིག་བསྡུས་བྱེད་ཆེད། ཀུང་ཟི་ཡིས་ཉེ་སྔོན་སྒྲའི་མྱུར་ཚད་ལས་བརྒལ་བའི་མཚོན་ཆའི་འཕེལ་རྒྱས་ཁྱབ་ཁོངས་ཀྱི་ཆེད་དོན་མཐུན་སྦྱོར་ལས་ཁུངས་འཛུགས་པའི་འཆར་གཞི་ཡོད་པ་དང་། ཀུང་ཟི་ཡིས་ད་རུང་ཉེ་སྔོན་གསང་བའི་འགྲེམ་སྟོན་སྤེལ་ཏེ་ཁྱབ་ཁོངས་དེས་མཚོན་ཆའི་ཞིབ་འཇུག་གསར་སྤེལ་ཐད་བསྒྲུབས་པའི་བྱ་བ་མངོན་པར་བྱེད་རྒྱུ་ཡིན་ཟེར། 

ཨོ་པུའུ་ནོའུ་སོ་ཧྥུའུ་ཡིས་བཤད་རྒྱུར། འཐབ་རྩལ་འཕུར་མདའི་ཀུང་ཟི་ཡིས་སྔོན་གྱི་འཆར་གཞི་ལྟར་སྒྲའི་མྱུར་ཚད་ལས་བརྒལ་བའི་སྐོར་ཞིབ་འཕུར་མདའི་གསར་སྤེལ་བྱ་བར་སྐུལ་འདེད་གཏོང་བཞིན་ཡོད་ཟེར།



ལོ་ཙཱ་བ། བསོད་ནམས་ཚེ་རིང་།