ཨ་ཧྥུའུ་ཧན་གྱི་རྒྱལ་ས་ནས་འགས་གཏོར་དོན་རྐྱེན་བྱུང་སྟེ་ཉུང་མཐར་ཡང་མི་བཅུ་ལ་རྨས་ཕོག
2020.02.27 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 26

ཨ་ཧྥུའུ་ཧན་ཉེན་རྟོག་ཕྱོགས་ཀྱིས་ཚེས་ཉེར་དྲུག་ཉིན་བཤད་རྒྱུར། ཨ་ཧྥུའུ་ཧན་གྱི་རྒྱལ་ས་ཁཱ་པོར་གྱི་ཉེན་ཟོན་ས་ཁུལ་དྲུག་པ་ནས་ཉིན་དེའི་ཕྱི་དྲོར་འགས་གཏོར་འཇབ་རྒོལ་དོན་རྐྱེན་ཞིག་བྱུང་སྟེ། མི་བཅུ་ལ་རྨས་ཕོག་ཡོད་ཟེར། 

མིང་བཤད་མི་འདོད་པའི་ཉེན་རྟོག་པ་ཞིག་གིས་གསར་འགོད་པར་བཤད་རྒྱུར། འགས་གཏོར་དེ་ཕྱི་དྲོའི་དུས་ཚོད་གསུམ་དང་སྐར་མ་སུམ་ཅུའི་ཡས་མས་སུ་བྱུང་བ་དང་། འགད་རྫས་དྲུད་ཡོད་པའི་འཕྲུལ་རྟ་ཞིག་ཉེན་ཟོན་ས་ཁུལ་དྲུག་པའི་སྲང་ལམ་ནས་འགས་གཏོར་བྱུང་བ་དང་། ཡུལ་དངོས་སུ་མི་བཅུ་ལ་རྨས་ཕོག་ཡོད་ཟེར། 

མིག་སྔར་རྩ་འཛུགས་དང་མི་སྒེར་གང་རུང་གིས་ཐེངས་འདིའི་འཇབ་རྒོལ་དོན་རྐྱེན་བཟོས་པ་ཁས་ལེན་བྱས་མེད། 




ལོ་ཙཱ་བ། བསོད་ནམས་ཚེ་རིང་།