​ཨ་མེ་རི་ཁ་ནས་ཏོག་དབྱིབས་ནད་དུག་གསར་བའི་གློ་ཚད་བྱུང་བའི་ནད་པ་དྲུག་ཅུར་འཕར་ཡོད།
2020.02.28 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 60

ཨ་མེ་རི་ཁའི་འཕྲོད་བསྟེན་དང་སྤྱི་བའི་ཞབས་ཞུའི་པུའུ་ཀྲང་ཨ་ཀྲ་ཨར་གྱིས་ཚེས་ཉེར་དྲུག་ཉིན་བསྟན་དོན། ཨ་མེ་རི་ཁ་ས་ཁོངས་རང་ནས་ཏོག་དབྱིབས་ནད་དུག་གསར་བའི་གློ་ཚད་བྱུང་བའི་ནད་པ་གཅིག་ཇེ་མང་དུ་སོང་བ་དང་། མིག་སྔར་ཨ་མེ་རི་ཁ་ས་ཁོངས་རང་གི་ནད་པ་བཅོ་ལྔར་འཕར་ཡོད་ལ། རིམ་བསགས་ཀྱིས་ནད་པ་དྲུག་ཅུར་འཕར་ཡོད། མིག་སྔའི་བར་དུ་ཨ་མེ་རི་ཁ་ནས་ནད་ངོས་འཛིན་བྱས་པའི་ནད་པའི་ཁྲོད། ནད་པ་ཞེ་གཉིས་ནི་འཇར་པན་གྱི་གནས་སྐོར་གྲུ་གཟིངས་སྟེང་ནས་ཕྱིར་འཐེན་བྱེད་པའི་ཨ་མེ་རི་ཁའི་མི་ཡིན་པ་དང་། མི་གསུམ་ནི་ཀྲུང་གོའི་ཝུའུ་ཧན་ནས་ཕྱིར་ཡོང་བའི་ཨ་མེ་རི་ཁའི་མི་རེད། ནད་པ་བཅོ་ལྔ་ནི་ཨ་མེ་རི་ཁ་ས་ཁོངས་རང་གི་ངོས་འཛིན་བྱས་པའི་ནད་པ་རེད་ཟེར།



ལོ་ཙཱ་བ། བསོད་ནམས་ཚེ་རིང་།