ཨོ་སི་ཁྲུ་རི་ཡཱ་ནས་ཏོག་དབྱིབས་ནད་དུག་གསར་བའི་གློ་ཚད་ཀྱི་རིམས་ནད་འགོས་པའི་ནད་པ་སྟོང་གཅིག་དང་སུམ་བརྒྱ་སོ་གཉིས་ལ་བསླེབས།
2020.03.18 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 20

ཨོ་སི་ཁྲུ་རི་ཡཱའི་འཕྲོད་བསྟེན་པུའུ་ཡིས་ཚེས་བཅུ་བདུན་ཉིན་བསྒྲགས་པ་ལྟར་ན། ཨོ་སི་ཁྲུ་རི་ཡཱ་ནས་རིམ་རྩིས་ཀྱིས་ཏོག་དབྱིབས་ནད་དུག་གསར་བའི་གློ་ཚད་ཀྱི་རིམས་ནད་འགོས་པའི་ནད་པ་སྟོང་གཅིག་དང་སུམ་བརྒྱ་སོ་གཉིས་ལ་འཕར་ཡོད་པ་དང་། སྔ་ཉིན་ལས་ནད་པ་སུམ་བརྒྱ་དང་བཅུ་དྲུག་ཇེ་མང་དུ་སོང་ཡོད་ཟེར། ཝེ་ཡེ་ནཱའི་སྨན་ཁང་བསྒྱུར་བཀོད་ཡོངས་འགྲུབ་བྱས་ཏེ་བེད་སྤྱོད་བྱས་ཆོག་པ་རེད། 

བསྒྲགས་པ་ལྟར་ན། ཚེས་བཅུ་བདུན་ཉིན་གྱི་ཕྱི་དྲོའི་དུས་ཚོད་གསུམ་བར། ཨོ་སི་ཁྲུ་རི་ཡཱ་རུ་བསྡོམས་པས་ཏོག་དབྱིབས་ནད་དུག་གསར་བའི་གློ་ཚད་ཀྱི་རིམས་ནད་འགོས་པའི་ནད་སྟོང་གཅིག་དང་སུམ་བརྒྱ་སོ་གཉིས་ཡོད་པ་དང་། ནད་པ་དགུ་དྲག་སྐྱེད་བྱུང་ཡོད་ལ། ནད་པ་གསུམ་རྐྱེན་ལམ་དུ་ཤོར་ཟེར། 

ཨོ་སི་ཁྲུ་རི་ཡཱའི་ཧྥུའུ་ལཱ་ཨར་པེ་ཀི་ཀྲིག་སྲིད་གཞུང་གིས་ཚེས་བཅུ་བདུན་ཉིན་ཁྱབ་སྒྲོག་བྱས་དོན། ཉིན་དེ་ནས་བཟུང་ཟླ་བཞི་བའི་ཚེས་གསུམ་ཉིན་བར། ཀྲིག་དེས་ཨ་ཨར་པེ་ཀི་ས་ཁུལ་གྱི་གྲོང་རྡལ་བཞིར་བཀག་སྡོམ་བྱེད་རྒྱུ་ཡིན་ཟེར། དེའི་སྔོན་ཏིས་ལོ་ཨར་ཀྲིག་དང་ཁི་ཨིན་ཐིན་ཀྲིག་ཏུ་གྲོང་རྡལ་མང་བོ་བཀག་སྡོམ་བྱས་ཡོད་པ་རེད། 

ཝེ་ཡེ་ནཱ་གྲོང་ཁྱེར་གྱི་ཧྲི་ཀྲང་ལུའུ་ཏི་ཝེ་ཞེ་ཡིས་ཉིན་དེར་གསར་འགྱུར་ལས་རིགས་ལ་བསྟན་དོན། ཝེ་ཡེ་ནཱའི་འགྲེམ་སྟོན་ཚོགས་འདུ་ལྟེ་གནས་དེ་སྨན་ཁང་དུ་བསྒྱུར་བཀོད་བྱེད་པའི་བྱ་བ་ཡོངས་འགྲུབ་བྱས་ཡོད་ཅིང་། མལ་ཁྲི་བརྒྱད་བརྒྱ་དང་བརྒྱད་ཅུ་དང་སྒྲིག་ཆས་ཁ་ཚང་བཀོད་སྒྲིག་བྱས་ཡོད་ལ། རིམས་ནད་ཀྱི་འགྱུར་ལྡོག་དང་བསྟུན་ནས་དུས་ངེས་མེད་དུ་བེད་སྤྱོད་བྱས་ཆོག་ཟེར།



ལོ་ཙཱ་བ། བསོད་ནམས་ཚེ་རིང་།