དབྱི་ཐཱ་ལེ་རུ་པྲོག་དབྱིབས་ནད་དུག་གསར་བའི་གློ་ཚད་འགོས་པའི་ནད་པ་ཁྲི་བདུན་ལས་བརྒལ། 
2020.03.26 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 7

དབྱི་ཐཱ་ལེའི་དམག་དོན་སྲུང་སྐྱོབ་སྡེ་ཁག་གི་འགན་ཁུར་བ། ཏོག་དབྱིབས་ནད་དུག་གསར་བའི་འཕྲལ་སྒྲུབ་ཨུ་ཡོན་ལྷན་ཁང་གི་ཆེད་དོན་པ་པའོ་ལོས་ལེ་ཡིས་ཚེས་ཉེར་ལྔ་ཉིན་བཤད་རྒྱུར། ཉིན་དེའི་ཕྱི་དྲོའི་དུས་ཚོད་དྲུག་བར། དབྱི་ཐཱ་ལེ་རུ་རིམ་རྩིས་ཀྱིས་པྲོག་དབྱིབས་ནད་དུག་གསར་བའི་གློ་ཚད་བྱུང་བའི་ནད་པ་ཁྲི་བདུན་དང་སྟོང་བཞི་སུམ་བརྒྱ་གྱ་དྲུག་ཏུ་བསླེབ་ཡོད་པ་དང་། རིམ་རྩིས་ཀྱིས་རྐྱེན་ལམ་དུ་ཤོར་བའི་ནད་པ་སྟོང་བདུན་དང་ལྔ་བརྒྱ་གསུམ་ལ་བསླེབ་ཡོད། ནད་པ་སྟོང་དགུ་དང་སུམ་བརྒྱ་རེ་གཉིས་ལ་དྲག་སྐྱེད་བྱུང་ཡོད་ཟེར། 

སྡེ་ཁག་དེས་བསྡོམས་རྩིས་བྱས་པའི་གཞི་གྲངས་ལྟར་ན། དབྱི་ཐཱ་ལེ་རུ་རིམ་རྩིས་ཀྱིས་པྲོག་དབྱིབས་ནད་དུག་གསར་བའི་གློ་ཚད་འགོས་ཏེ་རྐྱེན་ལམ་དུ་ཤོར་བའི་ནད་པ་སྔ་ཉིན་ལས་དྲུག་བརྒྱ་དང་གྱ་གསུམ་འཕར་བ་དང་། ནད་བརྟག་ངོས་འཛིན་བྱས་པ་དང་དྲག་སྐྱེད་བྱུང་བའི་ནད་པ་སོ་སོར་སྔ་ཉིན་ལས་སྟོང་ལྔ་དང་ཉིས་བརྒྱ་བཅུ་དང་སྟོང་གཅིག་དང་སོ་དྲུག་ཇེ་མང་དུ་སོང་ཡོད་ཟེར། 

ད་ཡོད་ཀྱི་ནད་པའི་ཁྲོད་དུ་ནད་པ་ཡང་མོ་ཁྲི་གསུམ་དང་དགུ་བརྒྱ་ཉི་ཤུ་རང་ཁྱིམ་དུ་བཀག་ཡོད་པ་དང་། ནད་པ་ཁྲི་གཉིས་དང་སྟོང་གསུམ་བརྒྱ་དང་བཅུ་གཉིས་ཀྱིས་སྨན་ཁང་དུ་གསོ་བཅོས་བྱེད་བཞིན་ཡོད་ལ། ནད་པ་སྟོང་གསུམ་དང་བཞི་བརྒྱ་གྱ་དགུ་ཡིས་ནད་པ་ལྗིད་མོའི་ལྟ་སྐྱོང་ཁང་དུ་གསོ་བཅོས་བྱེད་བཞིན་ཡོད་ཟེར། 




ལོ་ཙཱ་བ། བསོད་ནམས་ཚེ་རིང་།