འཇར་མན་གྱི་པྲོག་དབྱིབས་ནད་དུག་གསར་བའི་གློ་ཚད་འགོས་པའི་ནད་པ་ཁྲི་ལྔ་ལས་བརྒལ། 
2020.03.30 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 29

འཇར་མན་གྱི་རིམས་འགོག་ལས་ཁུངས་ལོ་པའོ་ཐི་ཁི་ཧི་ཞིབ་འཇུག་ཁང་གིས་ཚེས་ཉེར་དགུ་ཉིན་གྱི་སྔ་དྲོར་ཁྱབ་སྒྲོག་བྱས་པའི་གཞི་གྲངས་གསར་བ་ལྟར་ན། ཉིན་དེའི་ཞོགས་པའི་བར། འཇར་མན་དུ་པྲོག་དབྱིབས་ནད་དུག་གསར་བའི་གློ་ཚད་འགོས་པའི་ནད་པའི་ཁ་གྲངས་ཁྲི་ལྔ་དང་སྟོང་གཉིས་ལྔ་བརྒྱ་ཞེ་བདུན་ཡོད་པ་དང་། སྔ་ཉིན་ལས་ནད་པ་སྟོང་གསུམ་དང་དགུ་བརྒྱ་རེ་ལྔ་ཇེ་མང་དུ་སོང་ཡོད་ལ། རིམ་རྩིས་ཀྱིས་ནད་པ་སུམ་བརྒྱ་དང་གྱ་དགུ་རྐྱེན་ལམ་དུ་ཤོར། 

གཞན་ཡང་འཇར་མན་དུས་རབས་ཚགས་པར་གྱིས་བསྡོམས་རྩིས་བྱས་པ་ལྟར་ན། ཚེས་ཉེར་དགུ་ཉིན་གྱི་ཉིན་གུང་གི་དུས་ཚོད་བཅུ་གཉིས་བར། འཇར་མན་དུ་པྲོག་དབྱིབས་ནད་དུག་གསར་བའི་གློ་ཚད་འགོས་པའི་ནད་པ་ཁྲི་ལྔ་དང་སྟོང་བརྒྱད་བརྒྱ་ཞེ་གསུམ་ཡོད་པ་དང་། ནད་པ་བཞི་བརྒྱ་དང་བརྒྱད་ཅུ་རྐྱེན་ལམ་དུ་ཤོར་ཡོད་ཟེར། 




ལོ་ཙཱ་བ། བསོད་ནམས་ཚེ་རིང་།