ཀྲུང་གོ་མ་གཏོགས་པའི་རྒྱལ་ཁབ་གཞན་པའི་པྲོག་དབྱིབས་ནད་དུག་གསར་བའི་གློ་ཚད་འགོས་པའི་ནད་པའི་ཁ་གྲངས་འབུམ་དྲུག་དང་ཁྲི་གཅིག་བདུན་བརྒྱ་དོན་བདུན་ལ་བསླེབ། 
2020.03.31 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 46

འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱིས་ཚེས་སུམ་ཅུའི་ཉིན་ཁྱབ་སྒྲོག་བྱས་པའི་གཞི་གྲངས་གསར་བ་ལྟར་ན། ཀྲུང་གོ་མ་གཏོགས་པའི་འཛམ་གླིང་ཡོངས་ཀྱི་རྒྱལ་ཁབ་གཞན་པའི་པྲོག་དབྱིབས་ནད་དུག་གསར་བའི་གློ་ཚད་འགོས་པའི་ནད་པའི་ཁ་གྲངས་དྲུག་དང་ཁྲི་གཅིག་བདུན་བརྒྱ་དོན་བདུན་ལ་བསླེབ་ཡོད་པ་དང་། རྐྱེན་ལམ་དུ་ཤོར་བའི་ནད་པ་ཁྲི་གསུམ་དང་སྟོང་གསུམ་བརྒྱ་དང་དྲུག་ལ་བསླེབ་ཡོད། 

འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱི་ཉིན་རེའི་རིམས་ནད་སྙན་ཞུ་ལས་མངོན་པ་ལྟར་ན། ཡོ་རོབ་གླིང་དབུས་ཕྱོགས་ཀྱི་དུས་ཚོད་ཚེས་སུམ་ཅུ་ཉིན་གྱི་དུས་ཚོད་བཅུའི་བར། ཀྲུང་གོ་མ་གཏོགས་པའི་པྲོག་དབྱིབས་ནད་དུག་གསར་བའི་གློ་ཚད་འགོས་པའི་ནད་པའི་ཁ་གྲངས་སྔར་ཉིན་ལས་ཁྲི་ལྔ་དང་སྟོང་བརྒྱད་སུམ་བརྒྱ་ལྔ་འཕར་ནས། འབུམ་གཅིག་དང་ཁྲི་གཅིག་བདུན་བརྒྱ་དོན་བདུན་ལ་བསླེབ་ཡོད། ཀྲུང་གོ་མ་གཏོགས་པའི་རྒྱལ་ཁབ་གཞན་པའི་རྐྱེན་ལམ་དུ་ཤོར་བའི་ནད་པའི་ཁ་གྲངས་ཉིན་གཅིག་ལ་སྟོང་གསུམ་དང་ཉིས་བརྒྱ་བཅུ་གཅིག་འཕར་ཡོད་ལ། བསྡོམས་པས་ཁྲི་གཉིས་དང་སྟོང་དགུ་བདུན་བརྒྱ་གོ་དྲུག་འཕར་ཡོད། 

འཛམ་གླིང་ཡོངས་ཀྱི་ཁྱབ་ཁོངས་སུ། པྲོག་དབྱིབས་ནད་དུག་གསར་བའི་གློ་ཚད་འགོས་པའི་ནད་པ་སྔ་ཉིན་ལས་ཁྲི་ལྔ་དང་སྟོང་བརྒྱད་བཞི་བརྒྱ་བཅུ་གཅིག་འཕར་ནས། བསྡོམས་པས་འབུམ་དྲུག་དང་ཁྲི་དགུ་སྟོང་གསུམ་ཉིས་བརྒྱ་ཉེར་བཞིར་བསླེབ་ཡོད། རྐྱེན་ལམ་དུ་ཤོར་བའི་ནད་པའི་ཁ་གྲངས་སྔ་ཉིན་ལས་སྟོང་གསུམ་དང་ཉིས་བརྒྱ་བཅོ་ལྔ་འཕར་ནས། བསྡོམས་པས་ཁྲི་གསུམ་དང་སྟོང་གསུམ་བརྒྱ་དང་དྲུག་ལ་བསླེབ་ཡོད་ཟེར། 




ལོ་ཙཱ་བ། བསོད་ནམས་ཚེ་རིང་།