ཀྲུང་གོ་ལས་གཞན་པའི་པྲོག་གསར་གློ་ཚད་རིམས་ནད་ངོས་འཛིན་བྱས་པའི་ནད་པ་འབུམ་དྲུག་དང་ཁྲི་དྲུག་སྟོང་བརྒྱད་དང་སུམ་བརྒྱ་ཞེ་ལྔར་སླེབས།
2020.04.01 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 25

ཟླ་གསུམ་པའི་ཚེས་སོ་གཅིག་ཉིན། འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱིས་ཁྱབ་སྒྲོག་བྱས་པའི་གྲངས་ཀ་ལྟར་ན། ཀྲུང་གོ་ལས་གཞན་པའི་པྲོག་གསར་གློ་ཚད་རིམས་ནད་ངོས་འཛིན་བྱས་པའི་ནད་པ་འབུམ་དྲུག་དང་ཁྲི་དྲུག་སྟོང་བརྒྱད་དང་སུམ་བརྒྱ་ཞེ་ལྔར་སླེབས།

འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱིས་ཉིན་རེར་བསྒྲགས་པའི་གནས་ཚུལ་ལྟར་ན། ཡོ་རོབ་གླིང་དབུས་རྒྱུད་ཀྱི་དུས་ཚོད་ཚེས་སོ་གཅིག་ཉིན་གྱི་ཆུ་ཚོད་བཅུའི་སྟེང་ཀྲུང་གོ་ལས་གཞན་པའི་པྲོག་གསར་གློ་ཚད་རིམས་ནད་ངོས་འཛིན་བྱས་པའི་ནད་པ་སྔ་ཉིན་ལས་ཁྲི་ལྔ་དང་སྟོང་བདུན་ལྔ་བརྒྱ་བཅུ་གཉིས་ཇེ་མང་ལ་སོང་བ་དང་། བསྡོམས་པས་ནད་པ་འབུམ་དྲུག་དང་ཁྲི་དྲུག་སྟོང་བརྒྱད་དང་སུམ་བརྒྱ་ཞེ་ལྔར་སླེབས།

འཛམ་གླིང་ཡོངས་ཀྱི་ཁྱབ་ཁོངས་སུ་པྲོག་གསར་གློ་ཚད་རིམས་ནད་ངོས་འཛིན་བྱས་པའི་ནད་པ་སྔ་ཉིན་ལས་ཁྲི་ལྔ་དང་སྟོང་བདུན་དྲུག་བརྒྱ་དང་བཅུ་ཇེ་མང་ལ་སོང་བ་དང་བསྡོམས་པས་ནད་པ་འབུམ་བདུན་དང་ཁྲི་ལྔ་བརྒྱད་བརྒྱ་དགུ་བཅུ་ལ་སླེབས། ནད་པ་ཤི་གྲངས་དེ་སྔ་ཉིན་དང་བསྡུར་ན་ནད་པ་སྟོང་གསུམ་དང་སུམ་བརྒྱ་དང་གཅིག་ཇེ་མང་ལ་སོང་བ་དང་བསྡོམས་པས་ཁྲི་གསུམ་དང་སྟོང་དྲུག་བཞི་བརྒྱ་དང་ལྔ་ལ་སླེབས།