ཨེ་ཅིབ་ཀྱི་པྲོག་དབྱིབས་ནད་དུག་གསར་བའི་གློ་ཚད་འགོས་པའི་ནད་པ་སྟོང་གཅིག་དང་སུམ་བརྒྱ་ཉེར་གཉིས་ལ་སླེབས།
2020.04.07 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 42

ཨེ་ཅིབ་འཕྲོད་བསྟེན་པུའུ་ཡིས་ཚེས་དྲུག་ཉིན་གྱི་དགོང་མོ་བཤད་རྒྱུར། ཨེ་ཅིབ་ཏུ་གཏན་ཁེལ་བྱས་པའི་པྲོག་དབྱིབས་ནད་དུག་གསར་བའི་གློ་ཚད་འགོས་པའི་ནད་པ་བརྒྱ་དང་ཞེ་དགུ་ཇེ་མང་དུ་སོང་བ་དང་། བསྡོམས་པས་གཏན་ཁེལ་བྱས་པའི་པྲོག་དབྱིབས་ནད་དུག་གསར་བའི་གློ་ཚད་འགོས་པའི་ནད་པ་སྟོང་གཅིག་དང་སུམ་བརྒྱ་ཉེར་གཉིས་ལ་སླེབས་ལ། རྐྱེན་ལམ་དུ་ཤོར་བའི་ནད་དུ་བདུན་ལ་སླེབས་པ་དང་། བསྡོམས་པས་རྐྱེན་ལམ་དུ་ཤོར་བའི་ནད་པ་གྱ་ལྔར་སླེབས།

ཨེ་ཅིབ་འཕྲོད་བསྟེན་པུའུ་ཡི་མགྲིན་ཚབ་པ་མུའུ་ཅཱ་ཞི་ཏི་ཡིས་གསལ་བསྒྲགས་ནང་བཤད་རྒྱུར། གཏན་ཁེལ་བྱས་པའི་གསར་བྱུང་ནད་པ་ཚང་མ་ཨེ་ཅིབ་ཀྱི་མི་ཡིན་པ་དང་། དེ་ལས་གཞན། ཉིན་དེར་ནད་པ་བཅུ་ག་ཉིས་དྲག་སྐྱེད་བྱུང་ནས་སྨན་ཁང་ལས་ཕྱིར་བུད་པ་དང་། དེའི་ཁྲོད་ཨེ་ཅིབ་ཀྱི་མི་བཅུ་གཅིག་དང་ཕྱི་རྒྱལ་གྱི་མི་གཅིག་ཡོད་ལ། མིག་སྔར་ཨེ་ཅིབ་ཏུ་བསྡོམས་པས་ནད་པ་ཉིས་བརྒྱ་དང་ང་དགུ་དྲག་སྐྱེད་བྱུང་ཟེར།