ཨེ་ཅིབ་དམག་ཕྱོགས་ཀྱིས་ཚེས་བཅོ་ལྔ་ཉིན་གསལ་སྒྲོག་སྤེལ་ཏེ། དམག་ཕྱོགས་ཀྱིས་ཉིན་དེར་ཞི་ནེ་བྱང་མ་ཞིང་ཆེན་གྱི་འགུལ་སྐྱོད་ཅིག་གི་ཁྲོད་འཇིགས་སྐུལ་ཉེས་ཅན་བདུན་བསད་ཟེར།
གསལ་སྒྲོག་ལས་བཤད་རྒྱུར། དམག་ཕྱོགས་ཀྱིས་གསང་འཕྲིན་ལ་གཞིགས་ཏེ་འཇིགས་སྐུལ་ཉེས་ཅན་སྦས་སྐོང་བྱེད་སའི་ཞི་ནེ་བྱང་མ་ཞིང་ཆེན་གྱི་ཞིང་ར་ཞིག་ལ་གློ་བུར་དུ་འཇབ་རྒོལ་བྱས་པ་དང་། འཁྲུག་རྩོད་བྱེད་སྐབས་འཇིགས་སྐུལ་ཉེས་ཅན་གཅིག་བསད་པ་དང་རྗེས་འདེད་བྱེད་སྐབས་འཇིགས་སྐུལ་ཉེས་ཅན་དྲུག་བསད་ཟེར།
གསལ་སྒྲོག་ལས་བཤད་རྒྱུར། དམག་ཕྱོགས་ཀྱིས་འགུལ་སྐྱོད་སྤེལ་སྐབས་ད་རུང་འཇིགས་སྐུལ་ཉེས་ཅན་གྱིས་བེད་སྤྱོད་བྱས་པའི་རླངས་འཁོར་གཅིག་དང་འཕྲུལ་རྟ་གསུམ། དེ་མིན་མེ་མདའ་དང་འགད་རྫས། དེ་མིན་ཁ་པར་སོགས་འཕྲིན་གཏོང་སྒྲིག་ཆས་སྐོར་ཞིག་གཞུང་བཞེས་བྱས་ཡོད་ཟེར།
ལོ་ཙཱ་བ། བསོད་ནམས་ཚེ་རིང་།