སིང་ཀ་ཕོར་དུ་པྲོག་གསར་ནད་དུག་འགོས་པའི་ནད་པ465ཡིས་ཇེ་མང་དུ་ཕྱིན།
2020.05.17 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 0

ཚེས16ཉིན། སིང་ཀ་ཕོར་འཕྲོད་བསྟེན་པུའུ་ཡིས་ཉིན་དེའི་ཆུ་ཚོད12པའི་བར། སིང་ཀ་ཕོར་དུ་པྲོག་གསར་ནད་དུག་འགོས་པའི་ནད་པ465ཡིས་ཇེ་མང་དུ་ཕྱིན་པ་དང་། རིམ་རྩིས་བྱས་ན་ནད་པ27356གཏན་འཁེལ་བྱས་ལ། དྲག་སྐྱེད་བྱུང་བའི་ནད་པ1094ཡིས་ཇེ་མང་དུ་ཕྱིན་ཡོད། རིམ་རྩིས་བྱས་ན་ནད་པ8342དྲག་པ་དང་། ཤི་བའི་ནད་པ1གསར་སྣོན་བྱས་ཡོད་ལ། རིམ་རྩིས་བྱས་ན་ནད་པ22རིམས་ནད་འདིའི་ཁྲོད་རྐྱེན་ལམ་དུ་ཤོར་ཡོད།

གཞི་གྲངས་ལས་མངོན་པ་ལྟར་ན། གསར་དུ་ཇེ་མང་ལ་སོང་བའི་ནད་པའི་ཁྲོད། མང་ཆེ་བ་ནི་ཐུན་མོང་གི་ཉལ་ཁང་དུ་སྡོད་པའི་རྒྱལ་ཁོངས་གཞན་གྱི་ངལ་རྩོལ་པ་དང་ལས་བཟོ་པ་ཡིན་པ་དང་། དེའི་ནང་མི4ནི་སིང་ཀ་ཕོར་གྱི་སྤྱི་དམངས་སམ་ཡང་ན་གཏན་སྡོད་ཡུལ་མི་ཡིན།

བན་དེ་སྐྱབས་ཀྱིས་བསྒྱུར།