འཛམ་གླིང་ཡོངས་སུ་བསྡོམས་པས་པྲོག་དབྱིབས་ནད་དུག་གསར་བའི་གློ་ཚད་རིམས་ནད་བྱུང་བའི་ནད་པ་ས་ཡ་བཞི་དང་འབུམ་བདུན་ལས་བརྒལ།
2020.05.18 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 7

ཨ་མེ་རི་ཁའི་ཡེའོ་ཧྭན་སི.ཧའོ་ཕུའུ་ཅིན་སི་སློབ་ཆེན་གྱིས་ཚེས་བཅུ་བདུན་ཉིན་བསྒྲགས་པའི་པྲོག་དབྱིབས་ནད་དུག་གསར་བའི་གློ་ཚད་རིམས་ནད་ཀྱི་ཆེས་གསར་བའི་གཞི་གྲངས་ལས་མངོན་པ་ལྟར་ན། འཛམ་གླིང་ཡོངས་སུ་བསྡོམས་པས་པྲོག་དབྱིབས་ནད་དུག་གསར་བའི་གློ་ཚད་རིམས་ནད་བྱུང་བའི་ནད་པ་ས་ཡ་བཞི་དང་འབུམ་བདུན་ལས་བརྒལ།

གཞི་གྲངས་ལས་མངོན་པ་ལྟར་ན། ཨ་མེ་རུ་ཁའི་ཤར་རྒྱུད་ཀྱི་ཚེས་བཅུ་བདུན་ཉིན་གྱི་དུས་ཚོད་བཅོ་བརྒྱད་དང་སྐར་མ་སོ་གཉིས་བར་དུ། འཛམ་གླིང་ཡོངས་སུ་བསྡོམས་པས་པྲོག་གསར་གློ་ཚད་བྱུང་བའི་ནད་པ་ས་ཡ་བཞི་དང་འབུམ་བཞི་སྟོང་བརྒྱད་དང་བཞི་བརྒྱ་བཅོ་ལྔ་ལ་སླེབས་པ་དང་། རྐྱེན་ལམ་དུ་ཤོར་བའི་ནད་པ་འབུམ་གསུམ་དང་ཁྲི་གཅིག་སྟོང་བཞི་དང་དགུ་བརྒྱ་ལྔ་བཅུ་ལ་སླེབས་ཡོད།

གཞི་གྲངས་ལས་མངོན་པ་ལྟར་ན། ཨ་མེ་རི་ཁ་ནི་རིམས་ནད་ཆེས་ཛ་དྲག་ཆེ་བའི་རྒྱལ་ཁབ་ཡིན་ལ། བསྡོམས་པས་པྲོག་གསར་གློ་ཚད་བྱུང་བའི་ནད་པ་ས་ཡ་གཅིག་དང་འབུམ་བཞི་ཁྲི་བརྒྱད་དང་སྟོང་དྲུག་སུམ་བརྒྱ་གོ་ལྔ་ལ་སླེབས་པ་དང་། རྐྱེན་ལམ་དུ་ཤོར་བའི་ནད་པ་ཁྲི་བརྒྱད་དང་སྟོང་དགུ་ལྔ་བརྒྱ་ཞེ་དགུ་ལ་སླེབས་ཤིང་། པྲོག་གསར་གློ་ཚད་བྱུང་བའི་ནད་པའི་གྲངས་ཀ་འབུམ་གཉིས་ལས་བརྒལ་བའི་རྒྱལ་ཁབ་ལ་ད་དུང་ཨུ་རུ་སི་དང་དབྱིན་ཇུ། པ་ཞི། སི་ཕན། དབྱི་ཐ་ལི་བཅས་ཡོད་པ་དང་། དེ་ལས་གཞན།  ཧྥ་རན་སི་དང་འཇར་མན་བཅས་རྒྱལ་ཁབ་གསུམ་གྱི་པྲོག་གསར་གློ་ཚད་བྱུང་བའི་ནད་པའི་གྲངས་ཀ་འབུམ་གཅིག་དང་ཁྲི་ལྔ་ལས་བརྒལ་ཡོད་ཟེར།