ཧྥ་རན་སི་རྒྱལ་ཁབ་ཏུ་པྲོག་གསར་གློ་ཚད་རིམས་ནད་བྱུང་སྟེ་རྐྱེན་ལམ་དུ་ཤོར་བའི་ནད་པ་ཁྲི་གཉིས་དང་སྟོང་བརྒྱད་བརྒྱ་དང་བརྒྱད་འཕར་སྣོན་བྱུང་།
2020.05.18 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 17

ཟླ་ལྔ་བའི་ཚེས་བཅུ་བདུན་ཉིན། ཧྥ་རན་སི་འཕྲོད་བསྟེན་སྤྱི་ཁྱབ་ཧྲུའུ་ཡིས་སྤེལ་བའི་གསར་འགྱུར་སྤྱི་སྒྲོག་ནང་བཤད་དོན། ཧྥ་རན་སི་རྒྱལ་ཁབ་ཏུ་པྲོག་གསར་གློ་ཚད་རིམས་ནད་བྱུང་སྟེ་རྐྱེན་ལམ་དུ་ཤོར་བའི་ནད་པ་ཁྲི་གཉིས་དང་སྟོང་བརྒྱད་བརྒྱ་དང་བརྒྱད་ཇེ་མང་དུ་སོང་བ་དང་། འདས་པའི་དུས་ཚོད་ཉེར་བཞིའི་ནང་རྐྱེན་ལམ་དུ་ཤོར་བའི་ནད་པ་བཞི་བརྒྱ་དང་གྱ་གསུམ་ལ་སླེབས།

སྤྱི་སྒྲོག་ནང་བཤད་དོན། ཧྥ་རན་སི་རྒྱལ་ཁབ་ཏུ་མིག་སྔར་པྲོག་གསར་གློ་ཚད་རིམས་ནད་བྱུང་བའི་ནད་པ་ཁྲི་གཅིག་དང་སྟོང་དགུ་སུམ་བརྒྱ་རེ་གཅིག་ལ་སྨན་ཁང་དུ་སྨན་བཅོས་བྱེད་ཀྱིན་ཡོད་པ་དང་།   འདས་པའི་དུས་ཚོད་ཉེར་བཞིའི་ནང་ནད་པ་དོན་གཅིག་ཇེ་ཉུང་དུ་སོང་། ནད་པ་སྟོང་གཉིས་དང་གྱ་བདུན་ལ་ནད་པ་ལྗིད་མོའི་ལྟ་སྐྱོང་ཁང་དུ་སྨན་བཅོས་བྱེད་ཀྱིན་ཡོད་ལ།  འདས་པའི་དུས་ཚོད་ཉེར་བཞིའི་ནང་ནད་པ་ཞེ་ལྔ་ཇེ་ཉུང་དུ་སོང་།

ཧྥ་རན་སི་སྲིད་གཞུང་དྲ་ངོས་སུ་ཚེས་བཅུ་བདུན་ཉིན་བསྒྲགས་པའི་གཞི་གྲངས་ལས་མངོན་པ་ལྟར་ན། ཧྥ་རན་སི་རྒྱལ་ཁབ་ཏུ་ངོས་འཛིན་བྱས་པའི་ནད་པ་བརྒྱ་དང་བཅུ་གཉིས་འཕར་སྣོན་བྱུང་བ་དང་། བསྡོམས་པས་ངོས་འཛིན་བྱས་པའི་ནད་པ་འབུམ་གཅིག་དང་ཁྲི་བཞི་སྟོང་གཉིས་དང་བཞི་བརྒྱ་བཅུ་གཅིག་ལ་སླེབས་ཤིང་། དེའི་ནང་དུ་ནུས་ཤོར་རྒན་གསོ་ཁང་དང་བཅས་པའི་སྤྱི་ཚོགས་སྨན་བཅོས་ལས་ཁུངས་སུ་ངོས་འཛིན་བྱས་པའི་ནད་པ་བསྡོམས་པས་ཁྲི་གསུམ་དང་སྟོང་དྲུག་བཞི་བརྒྱ་རེ་གཅིག་ཡོད་པ་དང་། དེ་སྔ་ཉིན་དང་བསྡུར་ན་ནད་པ་ཉིས་བརྒྱ་དང་གྱ་དྲུག་འཕར་སྣོན་བྱུང་།