སུའུ་ཏན་ལྷོ་མའི་ཙུང་ཐུང་གཞོན་པ་དང་པོར་པྲོག་དབྱིབས་ནད་དུག་གསར་བའི་གློ་ཚད་འགོས་ཡོད་པར་བཤད།
2020.05.19 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 16

ཟླ་ལྔ་བའི་ཚེས་བཅོ་བརྒྱད་ཉིན་བསྒྲགས་པའི་གནས་ཚུལ་ལྟར་ན། སུའུ་ཏན་ལྷོ་མའི་གནས་སྐབས་མཉམ་འབྲེལ་སྲིད་གཞུང་གི་ཙུང་ཐུང་གཞོན་པ་དང་པོ་ལིས་ཁི.མཱ་ཧྲ་ཨེར་དང་ཁོས་ཆུང་མ། སུའུ་ཏན་ལྷོ་མའི་རྒྱལ་སྲུང་པུའུ་ཀྲང་ཨན་ཅི་ལིས་ནཱ.ཐའེ་ཉི་གསུམ་ལ་པྲོག་དབྱིབས་ནད་དུག་གསར་བའི་གློ་ཚད་འགོས་ཡོད་ཟེར།

མཱ་ཧྭ་ཨེར་གྱིས་ཚེས་བཅོ་བརྒྱད་ཉིན་བཤད་རྒྱུར། ཁོ་རང་ཉིད་དང་ཐའེ་ཉི་གཉིས་ཀར་པྲོག་དབྱིབས་ནད་དུག་གསར་བའི་གློ་ཚད་འགོས་ཡོད་པ་དང་། ཁོ་གཉིས་ཀ་ཚེས་བཅོ་བརྒྱད་ཉིན་ནས་བཟུང་སྡོད་གནས་སུ་ཉིན་བཅུ་བཞི་རིང་ལ་ལོགས་བཀར་ལྟ་ཞིབ་བྱེད་རྒྱུ་ཡིན་ཟེར།

མཱ་ཧྲ་ཨེར་གྱི་གསར་འགྱུར་དྲུང་ཡིག་ཅཱ་ཐི་ཏི་ཐི.ཏཱ་ཁི་ཡིས་བཤད་རྒྱུར། མཱ་ཧྲ་ཨེར་དང་ཁོའི་ཆུང་མ་གཉིས་ལ་ཟླ་ལྔ་བའི་ཚེས་བཅུ་གསུམ་ཉིན་པྲོག་དབྱིབས་ནད་དུག་གསར་བའི་ཐད་ཀྱི་བརྟག་དཔྱད་བྱས་པ་དང་། ཚེས་བཅོ་བརྒྱད་ཉིན་ཐོན་པའི་བརྟག་དཔྱད་གྲུབ་འབྲས་ལས་མངོན་པ་ལྟར་ན་ཁོ་བཟའ་ཟླ་གཉིས་ལ་པྲོག་གསར་ནད་དུག་འགོས་ཡོད་པ་དང་། མཱ་ཧྭ་ཨེར་གཞུང་སྒྲུབ་ཁང་གི་ལས་བྱེད་མི་སྣ་དང་སྐུ་སྲུང་ཁ་ཤས་ལ་ཡང་པྲོག་གསར་ནད་དུག་འགོས་ཡོད་ཟེར།

ཏཱ་ཁི་ཡིས་བཤད་རྒྱུར། མཱ་ཧྲ་ཨེར་གྱི་མིག་སྔའི་ལུས་ཕུང་གནས་བབ་ཧ་ཅང་བཟང་བ་དང་། མངོན་གསལ་གྱི་ནད་རྟགས་མེད་ཟེར།