ཐན་ཏི་སེ་ཡིས་འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱིས་མུ་མཐུད་དུ་འཐབ་ཇུས་སྣེ་ཁྲིད་ནུས་པ་འདོན་སྤེལ་བྱས་ཏེ། འཛམ་གླིང་ཡོངས་ཀྱིས་རིམས་ནད་ལ་ཁ་གཏད་འཇལ་བར་མཐུན་སྦྱོར་བྱེད་པ་ཡིན་ཞེས་བསྟན།
2020.05.20 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 17

འཛམ་གླིང་འཕྲོད་བསྟེན་ཚོགས་ཆེན་སྐབས་དོན་གསུམ་པ་ཚེས་བཅུ་དགུ་ཉིན་གྲོལ། འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱི་སྤྱི་ཁྱབ་ལས་འཛིན་པ་ཐན་ཏི་སེ་ཡིས་ཚོགས་ཆེན་མཇུག་སྒྲིལ་སྐབས་ཤིས་ཚིག་ཕུལ་ཏེ་བཤད་དོན། འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱིས་མུ་མཐུད་དུ་འཐབ་ཇུས་སྣེ་ཁྲིད་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ། འཛམ་གླིང་ཡོངས་ཀྱིས་རིམས་ནད་ལ་ཁ་གཏད་འཇལ་བར་མཐུན་སྦྱོར་བྱེད་པ་དང་རྒྱལ་ཁབ་སོ་སོས་འབད་བརྩོན་བྱེད་པར་རྒྱབ་སྐྱོར་བྱེད་ངེས་ཡིན་ཟེར།

ཐན་ཏི་སེ་ཡིས་ཚོགས་ཞུགས་རྒྱལ་ཁབ་ཀྱིས་དུས་འོས་འཚམ་གྱི་སྐབས་སུ་འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་དང་བཅས་པའི་རྒྱལ་སྤྱིའི་རིམས་འགོག་བྱ་བར་དཔྱད་འཇོག་བྱས་པའི་འབྲེལ་ཡོད་གྲོས་ཆོད་ལ་བཀའ་དྲིན་ཆེ་ཞུས། ཁོས་བཤད་དོན། འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱིས་དུས་ནམ་ཡང་འཛམ་གླིང་ཡོངས་ཀྱི་འཕྲོད་བསྟེན་བདེ་འཇགས་ལ་ཤུགས་སྣོན་པ་དང་འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་དང་བདེ་འཇགས་རང་བཞིན་གྱི་གྲོས་འགོ་འདོན་པར་ཤུགས་སྣོན་པར་མ་ཟད་སྔོན་ཆད་དང་འདྲ་བར་མངོན་གསལ་གྱི་ཚད་ཇེ་ཆེར་གཏོང་བ་དང་འགན་འཁྲིའི་བསམ་པ་ཇེ་དྲག་གཏོང་བ་དང་མཉམ་དུ་རྒྱུན་མཐུད་སྒོས་བྱ་བ་ལེགས་བཅོས་བྱེད་ངེས་ཡིན་ཟེར།

ཐན་ཏི་སེ་ཡིས་ད་དུང་རྒྱལ་ཁབ་སོ་སོས་རིམས་ནད་ལ་ཁ་གཏད་འཇལ་བའི་གྲ་སྒྲིག་བྱ་བ་བཟང་བོར་བསྒྲུབ་པ་དང་། གཞི་རྩའི་འཕྲོད་བསྟེན་ཞབས་ཞུ་སྲུང་འཛིན་བྱེད་དགོས་པར་མ་ཟད། འདྲ་མཉམ་སྒོས་པྲོག་གསར་གློ་ཚད་རིམས་ནད་སྔོན་འགོག་དང་རྩད་གཅོད་པ། སྨན་བཅོས་བཅས་ཀྱི་ཡོ་ཆས་འགན་སྲུང་བྱེད་དགོས་པའི་རེ་འབོད་བཏོན།