ཀྲུང་གོ་མ་གཏོགས་པའི་རྒྱལ་ཁབ་གཞན་པའི་པྲོག་དབྱིབས་ནད་དུག་གསར་བའི་གློ་ཚད་རིམས་ནད་འགོས་པའི་ནད་པའི་ཁ་གྲངས་ས་ཡ་བཞི་དང་འབུམ་བདུན་སྟོང་བཞི་བདུན་བརྒྱ་ལ་བསླེབས།
2020.05.21 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 18

འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱིས་ཚེས་བཅུ་དགུ་ཉིན་ཁྱབ་སྒྲོག་བྱས་པའི་གཞི་གྲངས་གསར་བ་ལྟར་ན། ཀྲུང་གོ་མ་གཏོགས་པའི་རྒྱལ་ཁབ་གཞན་པའི་པྲོག་དབྱིབས་ནད་དུག་གསར་བའི་གློ་ཚད་རིམས་ནད་འགོས་པའི་ནད་པའི་ཁ་གྲངས་ས་ཡ་བཞི་དང་འབུམ་བདུན་སྟོང་བཞི་བདུན་བརྒྱ་ལ བསླེབ་ཡོད་ཟེར།

འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱི་ཉིན་རེའི་རིམས་ནད་གནས་ཚུལ་གྱི་སྙན་ཞུ་ལས་མངོན་པ་ལྟར་ན། ཡོ་རོབ་གླིང་དབུས་ཕྱོགས་ཀྱི་དུས་ཚོད་ཚེས་བཅུ་ཉི་ཤུ་ཉིན་གྱི་སྔ་དྲོའི་དུས་ཚོད་བཅུའི་སྟེང་། ཀྲུང་གོ་མ་གཏོགས་པའི་རྒྱལ་ཁབ་གཞན་པའི་པྲོག་དབྱིབས་ནད་དུག་གསར་བའི་གློ་ཚད་རིམས་ནད་འགོས་པའི་ནད་པའི་ཁ་གྲངས་སྔ་ཉིན་ལས་ཁྲི་ལྔ་སྟོང་བདུན་དང་བདུན་བརྒྱ་གོ་དགུ་ཇེ་མང་དུ་སོང་ནས། བསྡོམས་པས་ནད་པ་ས་ཡ་བཞི་དང་འབུམ་བདུན་སྟོང་བཞི་བདུན་བརྒྱ་ལ་བསླེབ་ཡོད་ལ། ཀྲུང་གོ་མ་གཏོགས་པའི་རྒྱལ་ཁབ་གཞན་པའི་རྐྱེན་ལམ་དུ་ཤོར་བའི་ནད་པའི་ཁ་གྲངས་སྔ་ཉིན་ལས་སྟོང་གཉིས་དྲུག་བརྒྱ་ཉེར་གཅིག་ལ་ཇེ་མང་དུ་སོང་ནས་བསྡོམས་པས་ནད་པ་འབུམ་གསུམ་དང་ཁྲི་གཅིག་སྟོང་བཞི་བརྒྱ་དང་ཞེ་བཞི་རུ་བསླེབ་ཡོད་ཟེར།

འཛམ་གླིང་ཡོངས་ཀྱི་ཁྱབ་ཁོངས་སུ་པྲོག་དབྱིབས་ནད་དུག་གསར་བའི་གློ་ཚད་རིམས་ནད་འགོས་པའི་ནད་པའི་ཁ་གྲངས་སྔ་ཉིན་ལས་ཁྲི་ལྔ་དང་སྟོང་བདུན་བརྒྱད་བརྒྱ་བཞི་ཇེ་མང་དུ་སོང་ནས། བསྡོམས་པས་ནད་པ་ས་ཡ་བཞི་དང་འབུམ་བདུན་ཁྲི་བརྒྱད་སྟོང་དགུ་ཉིས་བརྒྱ་དང་ལྔ་ལ་བསླེབ་ཡོད་ལ། རྐྱེན་ལམ་དུ་ཤོར་བའི་ནད་པའི་ཁ་གྲངས་སྔ་ཉིན་ལས་སྟོང་གཉིས་དང་དྲུག་བརྒྱ་ཉེར་གཅིག་ཇེ་མང་དུ་སོང་ནས། བསྡོམས་པས་འབུམ་གསུམ་དང་ཁྲི་གཅིག་སྟོང་བརྒྱད་དང་བདུན་བརྒྱ་གྱ་དགུ་རུ་བསླེབ་ཡོད་ཟེར།