ཙམ་པབ་ཝེ་ལ་ཕྱིན་པའི་ཀྲུང་གོའི་རིམས་འགོག་སྨན་བཅོས་ཆེད་མཁས་ཚན་ཁག་གིས་ཙམ་པབ་ཝེ་ལ་སྨན་བཅོས་དངོས་རྫས་ཞལ་འདེབས་སུ་ཕུལ།
2020.05.21 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 14

ཙམ་པབ་ཝེ་ལ་ཕྱིན་པའི་ཀྲུང་གོའི་རིམས་འགོག་སྨན་བཅོས་ཆེད་མཁས་ཚན་ཁག་གིས་ཚེས་བཅོ་བརྒྱད་ཉིན་ནས་ཚེས་ཉི་ཤུའི་ཉིན་བར་སོ་སོར་ཙམ་པབ་ཝེ་ཤར་ཕྱོགས་ཀྱི་མ་ཧྲའོ་ན་ལན་ཞིང་ཆེན་དང་དབུས་ཕྱོགས་ཀྱི་མ་ཧྲའོ་ན་ལན་ཞིང་ཆེན། ནུབ་ཕྱོགས་ཀྱི་མ་ཧྲའོ་ན་ལན་ཞིང་ཆེན་དུ་སོང་ནས་བརྗེ་རེས་དང་རྟོག་ཞིབ་བྱས་པ་དང་། ས་གནས་ཀྱི་སྨན་བཅོས་མི་སྣར་རིམས་འགོག་ཐད་ཀྱི་ཉམས་མྱོང་ལོངས་སུ་སྤྱོད་དུ་བཅུག་པར་མ་ཟད། ས་གནས་ཀྱི་སྨན་བཅོས་ལས་ཁུངས་ལ་རིམས་འགོག་ཐད་ཀྱི་གྲོས་གཞི་འདོན་སྤྲོད་བྱས་པ་དང་སྨན་བཅོས་དངོས་རྫས་ཞལ་འདེབས་སུ་ཕུལ།

ཞིང་ཆེན་གསུམ་གྱི་རིམས་འགོག་ཐད་ལ་རོགས་རམ་བྱེད་ཆེད། ཀྲུང་གོའི་ཆེད་མཁས་ཚན་ཁག་གིས་ཙམ་པབ་ཝེ་ཕྱོགས་ཀྱི་འཕྲོད་བསྟེན་ལས་ཁུངས་ཀྱི་དཔོན་རིགས་དང་སྨན་བཅོས་མི་སྣར་ཀྲུང་གོའི་རིམས་ནད་འགོག་བཅོས་རྐྱེན་སྲོལ་དང་ནད་པར་འབྲེལ་ཐུག་བྱེད་མཁན་རྩད་གཅོད་པ། ནད་པ་བསྡུ་ལེན་དང་སྨན་བཅོས་བྱེད་པ། ལོགས་སུ་བཀར་བ་སོགས་ཀྱི་ནུས་ལྡན་ཉམས་མྱོང་མཚམས་སྦྱོར་བྱས་པར་མ་ཟད། སྨན་བཅོས་མི་སྣ་རང་ཉིད་ཀྱི་འགོག་སྲུང་བྱེད་པའི་དོན་དག་གསལ་བོར་བཤད། ཆེད་མཁས་ཚན་ཁག་གིས་ད་དུང་ཞིང་ཆེན་གསུམ་གྱི་སྨན་བཅོས་ལས་ཁུངས་ལ་རྟོག་ཞིབ་བྱས་ཏེ་ས་གནས་ཀྱི་པྲོག་གསར་གློ་ཚད་རིམས་ནད་འགོག་བཅོས་བྱེད་པའི་སྨན་ཁང་གི་དོ་དམ་དང་བྱེད་ཐབས་ལ་རྒྱུས་ལོན་བྱས་པར་མ་ཟད། སྨན་ཁང་སོ་སོའི་འགན་འཁུར་བ་དང་མཉམ་དུ་འགོས་ནད་ཚོད་འཛིན་དང་ནད་པ་བསྡུ་ལེན་དང་སྨན་བཅོས་བྱེད་པ་སོགས་ཀྱི་ཐད་ནས་བསམ་བློ་བརྗེ་རེས་བྱས། རྟོག་ཞིབ་མཇུག་རྫོགས་རྗེས། ཆེད་མཁས་ཚན་ཁག་གིས་འབྲེལ་ཡོད་སྨན་བཅོས་ལས་ཁུངས་ལ་སྨན་བཅོས་དངོས་རྫས་ཞལ་འདེབས་སུ་ཕུལ།