འཛམ་གླིང་ཡོངས་སུ་རིམ་རྩིས་ཀྱིས་པྲོག་དབྱིབས་ནད་དུག་གསར་བའི་གློ་ཚད་རིམས་ནད་བྱུང་བའི་ནད་པ་ས་ཡ་ལྔ་ལས་བརྒལ། 
2020.05.22 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 14

ཨ་མེ་རི་ཁའི་ཡའོ་ཧན་སི་ཧའོ་ཕུའུ་ཅིན་སི་སློབ་ཆེན་གྱིས་ཚེས་ཉེར་གཅིག་ཉིན་ཁྱབ་སྒྲོག་བྱས་པའི་པྲོག་དབྱིབས་ནད་དུག་གསར་བའི་གློ་ཚད་རིམས་ནད་ཀྱི་བསྡོམས་རྩིས་གཞི་གྲངས་གསར་བ་ལྟར་ན། འཛམ་གླིང་ཡོངས་སུ་རིམ་རྩིས་ཀྱིས་པྲོག་དབྱིབས་ནད་དུག་གསར་བའི་གློ་ཚད་རིམས་ནད་བྱུང་བའི་ནད་པའི་ཁ་གྲངས་ས་ཡ་ལྔ་ལས་བརྒལ་ཡོད་ཟེར། 

གཞི་གྲངས་ལས་མངོན་པ་ལྟར་ན། ཨ་མེ་རི་ཁའི་ཤར་ཕྱོགས་ཀྱི་དུས་ཚོད་ཚེས་ཉེར་གཅིག་ཉིན་གྱི་ཞོགས་པའི་བར། འཛམ་གླིང་ཡོངས་སུ་རིམ་རྩིས་ཀྱིས་པྲོག་དབྱིབས་ནད་དུག་གསར་བའི་གློ་ཚད་རིམས་ནད་བྱུང་བའི་ནད་པའི་ཁ་གྲངས་ས་ཡ་ལྔ་དང་སོ་བརྒྱད་དུ་བསླེབ་པ་དང་། རིམ་རྩིས་ཀྱིས་ནད་པ་འབུམ་གསུམ་དང་ཁྲི་གཉིས་སྟོང་བརྒྱད་བརྒྱ་དང་དོན་གཉིས་རྐྱེན་མལ་དུ་ཤོར་ཟེར། 

གཞི་གྲངས་ལས་མངོན་པ་ལྟར་ན། མིག་སྔར་ཨ་མེ་རི་ཁ་ནི་འཛམ་གླིང་ཡོངས་ཀྱི་རིམས་ནད་ཆེས་ཚབས་ཆེ་བའི་རྒྱལ་ཁབ་ཅིག་ཡིན་པ་དང་། རིམ་རྩིས་ཀྱིས་ནད་ངོས་འཛིན་བྱས་པའི་ནད་པ་ས་ཡ་གཅིག་དང་འབུམ་ལྔ་ཁྲི་ལྔ་སྟོང་གཅིག་བརྒྱད་བརྒྱ་དང་ང་གསུམ་ཡོད་པ་དང་། རིམ་རྩིས་ཀྱིས་ནད་པ་ཁྲི་དགུ་དང་སྟོང་གསུམ་བཞི་བརྒྱ་སོ་དགུ་རྐྱེན་ལམ་དུ་ཤོར། རིམ་རྩིས་ཀྱིས་ནད་པའི་ཁ་གྲངས་འབུམ་གཉིས་ལས་བརྒལ་བའི་རྒྱལ་ཁབ་ལ་ཨུ་རུ་སི་དང་པཱ་ཞི། དབྱིན་ཇི། སི་ཕན། དབྱི་ཐཱ་ལེ་བཅས་ཡོད། དེ་ལས་གཞན་ཧྥ་རན་སི་དང་འཇར་མན། ཐུར་ཁེ་བཅས་ཀྱི་རིམ་རྩིས་ནད་པའི་ཁ་གྲངས་འབུམ་གཅིག་དང་ཁྲི་ལྔ་ལས་བརྒལ་ཡོད་ཟེར། 

གཞི་གྲངས་འདི་དག་ནི་ཡའོ་ཧན་སི་ཧའོ་ཕུའུ་ཅིན་སི་སློབ་ཆེན་གྱི་པྲོག་དབྱིབས་ནད་དུག་གསར་བའི་ཞིབ་འཇུག་ལས་གཞིས་བསྡོམས་རྩིས་བྱས་པའི་རྒྱལ་ཁབ་དང་ས་ཁུལ་སོ་སོའི་གཞི་གྲངས་ལས་ཐོན་པ་ཡིན། 




ལོ་ཙཱ་བ། བསོད་ནམས་ཚེ་རིང་།