དབྱི་ཐ་ལི་རྒྱལ་ཁབ་ཀྱི་པྲོག་གསར་གློ་ཚད་རིམས་ནད་བྱུང་བའི་ནད་པའི་ཁ་གྲངས་སྔ་ཉིན་དང་བསྡུར་ན་ནད་པ་སྟོང་གཅིག་དང་བརྒྱད་བརྒྱ་བཅུ་གཅིག་ཇེ་ཉུང་དུ་སོང་།
2020.05.30 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 20

དབྱི་ཐ་ལི་དམངས་དོན་སྲུང་སྐྱོབ་པུའུ་ཡིས་ཚེས་ཉེར་དགུ་ཉིན་བསྒྲགས་པའི་གཞི་གྲངས་ལས་མངོན་པ་ལྟར་ན། དབྱི་ཐ་ལི་རྒྱལ་ཁབ་ཀྱི་ད་ཡོད་པྲོག་གསར་གློ་ཚད་རིམས་ནད་བྱུང་བའི་ནད་པའི་ཁ་གྲངས་སྔ་ཉིན་དང་བསྡུར་ན་ནད་པ་སྟོང་གཅིག་དང་བརྒྱད་བརྒྱ་བཅུ་གཅིག་ཇེ་ཉུང་དུ་སོང་བ་དང་ནད་པའི་སྤྱི་གྲངས་ཁྲི་བཞི་དང་སྟོང་དྲུག་བརྒྱ་དང་དོན་ལྔ་ལ་ཇེ་དམའ་རུ་སོང་།

གཞི་གྲངས་ལས་མངོན་པ་ལྟར་ན། ད་ལྟའི་ནད་པའི་ཁྲོད་དུ་མི་ཁྲི་གསུམ་དང་སྟོང་བརྒྱད་དྲུག་བརྒྱ་དང་དྲུག་ཁྱིམ་ཚང་དུ་ལོགས་སུ་བཀར་ཡོད་པ་དང་། མི་སྟོང་བདུན་དང་གོ་བཞི་ལ་སྨན་ཁང་དུ་སྤྱིར་བཏང་གི་སྨན་བཅོས་བྱེད་ཀྱིན་ཡོད་ལ། མི་བཞི་བརྒྱ་དང་དོན་ལྔ་ལ་ནད་པ་ལྗིད་མོའི་ལྟ་སྐྱོང་ཁང་དུ་སྨན་བཅོས་བྱེད་ཀྱིན་ཡོད། སྨན་ཁང་དུ་སྡོད་པའི་ནད་པ་ཕལ་བ་དང་ནད་པ་ལྗིད་མོ་སོ་སོར་སྔ་ཉིན་དང་བསྡུར་ན་ནད་པ་ཉིས་བརྒྱ་དང་གྱ་ལྔ་དང་ནད་པ་བཅུ་བཞི་ཇེ་ཉུང་དུ་སོང་། དབྱི་ཐ་ལི་དམངས་དོན་སྲུང་སྐྱོབ་པུའུ་ཡིས་སྨན་ཁང་དུ་སྨན་བཅོས་བྱེད་པའི་གནོན་ཤུགས་བསྟུད་མར་ཇེ་ཆུང་དུ་འགྲོ་བཞིན་ཡོད་ཅེས་བསྟན།

གཞི་གྲངས་ལས་མངོན་པ་ལྟར་ན། དབྱི་ཐ་ལི་རྒྱལ་ཁབ་ཏུ་ཉིན་དེར་རྐྱེན་ལམ་དུ་ཤོར་བའི་ནད་པ་གྱ་བདུན་འཕར་སྣོན་བྱུང་བ་དང་། བསྡོམས་པས་ནད་པ་ཁྲི་གསུམ་དང་སྟོང་གསུམ་ཉིས་བརྒྱ་ཉེར་དགུ་རྐྱེན་ལམ་དུ་ཤོར། པྲོག་གསར་གློ་ཚད་རིམས་ནད་ལ་ངོས་བཟུང་བའི་ནད་པ་ལྔ་བརྒྱ་དང་བཅུ་དྲུག་འཕར་སྣོན་བྱུང་བ་དང་། བསྡོམས་པས་ངོས་བཟུང་བའི་ནད་པ་འབུམ་གཉིས་དང་ཁྲི་གསུམ་སྟོང་གཉིས་དང་ཉིས་བརྒྱ་ཞེ་བརྒྱད་ལ་སླེབས། སྨན་ཁང་དུ་དྲག་སྐྱེད་བྱུང་བའི་ནད་པ་སྟོང་གཉིས་དང་ཉིས་བརྒྱ་བཞི་བཅུ་འཕར་སྣོན་བྱུང་བ་དང་འཕར་སྣོན་བྱུང་བ་དང་། བསྡོམས་པས་ནད་པ་འབུམ་གཅིག་དང་ཁྲི་ལྔ་སྟོང་གཉིས་དང་བརྒྱད་བརྒྱ་ཞེ་བཞི་དྲག་སྐྱེད་བྱུང་།