ཀྲུང་གོའི་འབར་མ་རུ་སྡོད་པའི་གཞུང་ཚབ་ཁང་གིས་བརྙན་རིས་བཞུགས་མོལ་ཚོགས་འདུ་བསྡུས་ནས་ཀྲུང་གོ་དང་འབར་མའི་བར་འབྲེལ་བ་བཙུགས་ནས་ལོ་འཁོར་བདུན་ཅུ་ལོན་པར་རྗེས་དྲན་ཞུས།
2020.06.03 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 22

བརྗོད་དོན་ལ་ཀྲུང་གོ་དང་འབར་མའི་མཛའ་བརྩེ་རྒྱུན་འཛིན་བྱེད་པ་དང་། ཀྲུང་གོ་དང་འབར་མའི་ལས་སྐལ་གཅིག་པའི་ཐུན་མོང་ཚོགས་པ་འཛུགས་ཞེས་པའི་བརྙན་རིས་བཞུགས་མོལ་ཚོགས་འདུ་ཚེས་གཉིས་ཉིན་ཀྲུང་གོའི་འབར་མ་རུ་སྡོད་པའི་གཞུང་ཚབ་ཁང་དུ་བསྡུས་པ་དང་། ཀྲུང་གོའི་འབར་མ་རུ་སྡོད་པའི་གཞུང་ཚབ་པ་ཁྲིན་ཧེ་ཡིས་འབར་མའི་ལས་རིགས་སོ་སོའི་ཕྱིར་སྡོད་རང་མིའི་འགོ་ཁྲིད་རྣམས་དང་བརྙན་རིས་འབྲེལ་འདྲིས་བྱས་ནས། ཀྲུང་གོ་དང་འབར་མའི་བར་འབྲེལ་བ་བཙུགས་ནས་ལོ་འཁོར་བདུན་ཅུ་ལོན་པར་རྗེས་དྲན་ཞུས།

བཞུགས་མོལ་ཚོགས་འདུའི་སྟེང་། ཁྲིན་ཧེ་ཡིས་ཀྲུང་གོ་དང་འབར་མའི་བར་འབྲེལ་བ་བཙུགས་པའི་ལོ་ངོ་བདུན་ཅུའི་བར་གྱི་མཛའ་བརྩེ་འགྲོ་འོང་གི་ལོ་རྒྱུས་ལ་ཕྱིར་དྲན་བྱས་པ་དང་། རྒྱ་ཆེའི་ཕྱིར་སྡོད་རང་མིས་རྒྱལ་ཁབ་གཉིས་ཀྱི་མཛའ་བརྩེ་ལ་སྐུལ་འདེད་གཏོང་ཆེད་བཞག་པའི་བྱས་རྗེས་ལ་ཁས་ལེན་གང་ལེགས་བྱས། ཁྲིན་ཧེ་ཡིས་བསྟན་དོན། 1950ལོའི་ཟླ་དྲུག་པའི་ཚེས་བརྒྱད་ཉིན་ཀྲུང་གོ་དང་འབར་མ་རྒྱལ་ཁབ་གཉིས་བར་དངོས་སུ་འབྲེལ་བ་བཙུགས་པའི་ཚུན་དུ། ཀྲུང་གོ་དང་འབར་མའི་འབྲེལ་བའི་ཐད་ནས་རྒྱལ་སྤྱིའི་གནས་བབ་འགྱུར་ལྡོག་གི་ཉམས་སད་ཐེག་པ་དང་། ཡར་ཐོན་དང་འཕེལ་རྒྱས་སུ་སོང་ནས། རྒྱལ་ཁབ་གཉིས་ཀྱི་མི་དམངས་ཀྱི་བདེ་སྐྱིད་དང་ས་ཁུལ་གྱི་ཞི་བདེ་དང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཐད་ནུས་པ་གལ་ཆེན་འདོན་སྤེལ་བྱས། རྒྱ་ཆེའི་འབར་མ་རུ་སྡོད་པའི་ཕྱིར་སྡོད་རང་མི་ནི་ཀྲུང་གོ་དང་འབར་མའི་མཛའ་བརྩེ་མཉམ་ལས་ཀྱི་བདེན་དཔང་པ་དང་ཁྲོད་ཞུགས་པ། སྐུལ་འདེད་པ་དང་བྱས་རྗེས་འཇོག་མཁན་ཡིན་ཟེར།

འབར་མའི་ཀྲུང་ཧྭའི་སྤྱིའི་ཚོང་ཚོགས་ཀྱི་ཚོགས་གཙོ་ལེན་ཝུན་མིན་གྱིས་བཤད་རྒྱུར། ཀྲུང་ཧྭའི་སྤྱིའི་ཚོང་ཚོགས་མུ་མཐུད་དུ་རྒྱུད་གཅིག་ལམ་གཅིག་དང་ཀྲུང་གོ་དང་འབར་མའི་དཔལ་འབྱོར་བར་ཁྱམས་འཛུགས་སྐྲུན་ཁྲོད་ཞུགས་པ་དང་། ཀྲུང་ཧྭའི་རིག་གནས་སློབ་གསོ་ལས་དོན་དང་ཀྲུང་གོ་དང་འབར་མའི་མི་གཞུང་བརྗེ་རེས་ལ་སྐུལ་འདེད་གཏོང་བ། ཀྲུང་གོ་དང་འབར་མའི་རིག་གནས་བརྗེ་རེས་ལ་སྐུལ་འདེད་བཏང་སྟེ། རྒྱལ་ཁབ་གཉིས་ཀྱི་དམངས་སེམས་གཅིག་འདྲེས་བྱེད་པར་ཤུགས་སྣོན་དགོས་ཟེར།