ཕ་ཁི་སི་ཐན་གྱི་ཙུང་ཐུང་གིས་ཀྲུང་གོའི་མི་དམངས་བཅིངས་འགྲོལ་དམག་རིམས་འགོག་སྨན་བཅོས་ཆེད་མཁས་པའི་ཚན་ཆུང་ལ་ཐུག་འཕྲད་བྱས།
2020.06.04 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 15

ཕ་ཁི་སི་ཐན་གྱི་ཙུང་ཐུང་ཨ་ལིས་ཧྥུའུ.ཨ་ཨེར་ཝེ་ཡིས་ཚེས་གསུམ་ཉིན་དབྱི་སི་ལན་པོ་རུ་གནས་པའི་ཙུང་ཐུང་བཞུགས་ཤག་ནས་ཀྲུང་གོའི་མི་དམངས་བཅིངས་འགྲོལ་དམག་རིམས་འགོག་སྨན་བཅོས་ཆེད་མཁས་པའི་ཚན་ཆུང་ལ་ཐུག་འཕྲད་བྱས་ནས། ཀྲུང་གོས་ཕ་ཁི་སི་ཐན་ལ་རིམས་འགོག་རོགས་སྐྱོར་དང་རྒྱབ་སྐྱོར་ཆེན་པོ་གནང་བར་བཀའ་དྲིན་ཞུས་པ་དང་། ཀྲུང་གོས་རྒྱལ་སྤྱིའི་རིམས་འགོག་ཐད་བཞག་པའི་བྱས་རྗེས་ལ་གདེང་འཇོག་ཚད་མཐོན་པོ་བྱས།

ཨ་ཨེར་ཝེ་ཡིས་བཤད་རྒྱུར། ཀྲུང་གོའི་སྲིད་གཞུང་གིས་བྱེད་ཐབས་བཟང་བོ་སྤྱད་དེ། པྲོག་དབྱིབས་ནད་དུག་གསར་བའི་གློ་ཚད་རིམས་ནད་ལ་སྔོན་འགོག་ཚོད་འཛིན་བྱས་ནས་གྲུབ་འབྲས་གལ་ཆེན་བླངས་ཟེར། ཁོས་བཤད་རྒྱུར། མིག་སྔར་རྒྱལ་ཁབ་ཁ་ཤས་ཀྱིས་རིམས་ནད་ཆབ་སྲིད་ཅན་དུ་བསྒྱུར་ནས་དོན་མེད་དུ་ཀྲུང་གོར་གནོན་ཤུགས་བསྣན་པར་ཕ་ཁི་སི་ཐན་གྱིས་མཐའ་གཅིག་ཏུ་ངོ་རྒོལ་བྱེད་ཀྱིན་ཡོད་ལ། ཕ་ཁི་སི་ཐན་ཀྲུང་གོའི་སྲིད་གཞུང་དང་མི་དམངས་དང་ལངས་ཕྱོགས་གཅིག་ཡིན་ཟེར།

ཨ་ཨེར་ཝེ་ཡིས་བཤད་རྒྱུར། ཀྲུང་གོའི་མི་དམངས་བཅིངས་འགྲིལ་དམག་སྨན་བཅོས་ཆེད་མཁས་པའི་ཚན་ཆུང་གིས་པ་ཞིན་དུ་བྱ་བ་བཟང་བོར་བསྒྲུབ་པ་དང་། ས་གནས་དེའི་སྨན་བཅོས་སྡེ་ཁག་ལྟ་ཞིབ་བྱས་པ་མ་ཟད། ཕ་ཁི་སི་ཐན་གྱི་སྨན་བཅོས་མི་སྣས་ནད་པ་སྨན་བཅོས་བྱེད་པར་མཛུབ་སྟོན་བྱས་ཏེ། ཕ་ཁི་སི་ཐན་གྱིས་རིམས་ནད་སྔོན་འགོག་ཚོད་འཛིན་བྱེད་པའི་ཐད་འབད་འཐབ་ལྷོད་མེད་བྱས་པ་དང་། ཀྲུང་གོ་དང་ཕ་ཁི་སི་ཐན་བར་གྱི་འབྲེལ་བ་མངོན་པར་བྱས་ཡོད་ཟེར།

ཆེད་མཁས་པའི་ཚན་ཆུང་གི་ཚན་གཙོ་ཀྲིག་ཧྥེ་ཧུའུ་ཡིས་ཨ་ཨེར་ཝེ་དང་ཕ་ཁི་སི་ཐན་གྱི་དཔོན་པོར་ཆེད་མཁས་པའི་ཕ་ཁི་སི་ཐན་གྱི་བྱ་བའི་གནས་ཚུལ་ངོ་སྤྲོད་བྱས་པ་མ་ཟད། ཀྲུང་གོའི་རིམས་འགོག་ཉམས་མྱོང་དང་། ཀྲུང་གོ་དང་ཕ་ཁི་སི་ཐན་གྱི་རིམས་འགོག་མཉམ་ལས་ཐད་ནས་ཕ་ཁི་སི་ཐན་ཕྱོགས་དང་གྲོས་གཞི་བརྗེ་རེས་གཏིང་ཟབ་བྱས།