ཨར་ཅི་རི་ཡཱའི་དམག་དཔུང་ལ་འཇིགས་སྐུལ་ཉེས་ཅན་གྱིས་འཇབ་རྒོལ་ཐེབས། 
2020.06.22 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 12

ཨར་ཅི་རི་ཡཱའི་རྒྱལ་སྲུང་པུའུ་ཡིས་ཚེས་ཉེར་གཅིག་ཉིན་བཤད་རྒྱུར། ཨར་ཅི་རི་ཡཱའི་དམག་དཔུང་ལ་ཚེས་ཉི་ཤུ་ཉིན་ནུབ་བྱང་ཕྱོགས་ཀྱི་ཨེ་དབྱིན་ཏིས་ཧྥུའུ་ལཱ་ཞིང་ཆེན་ནས་འཇིགས་སྐུལ་ཉེས་ཅན་གྱིས་འཇབ་རྒོལ་ཐེབས་ཏེ། དམག་མི་གཅིག་རྐྱེན་ལམ་དུ་ཤོར་ཟེར། 

ཨར་ཅི་རི་ཡཱའི་རྒྱལ་སྲུང་པུའུ་ཡིས་གསལ་སྒྲོག་སྤེལ་ཏེ། དྲག་ཆས་ཉེས་ཅན་སྐོར་ཞིག་གིས་ཚེས་ཉི་ཤུ་ཉིན་རྒྱལ་ས་ཨར་ཅིར་དང་བར་ཐག་སྤྱི་ལེ་བརྒྱ་དང་ལྔ་བཅུ་ཡོད་པའི་ཨེ་དབྱིན་ཏིས་ཧྥུའུ་ལཱ་ཞིང་ཆེན་ནས་ཨར་ཅི་རི་ཡཱའི་དམག་དཔུང་ལ་འཇབ་རྒོལ་བྱས་ནས་དམག་མི་གཅིག་རྐྱེན་ལམ་དུ་ཤོར་ཟེར། 

གསལ་སྒྲོག་ལས་བཤད་རྒྱུར། ཨར་ཅི་རི་ཡཱའི་དམག་དཔུང་གིས་ས་ཁོངས་དེ་བཀག་སྡོམ་བྱས་ཏེ་འཇིགས་སྐུལ་ཉེས་ཅན་སྐོར་བཅོམ་བྱེད་བཞིན་ཡོད་ཟེར། 

ཨར་ཅི་རི་ཡྰའི་དམག་དཔུང་གི་ཇུས་འདོན་དཔོན་པོ་ཚབ་མ་ཁྲིན་ཀི་ལི་ཧཱ་ཡིས་རྐྱེན་ལམ་དུ་ཤོར་བའི་དམག་མིའི་ཁྱིམ་མིར་འཚམས་འདྲི་བྱས་པ་དང་། ཨར་ཅི་རི་ཡཱའི་དམག་དཔུང་གིས་རྣམ་པ་གང་རུང་གི་འཇིགས་སྐུལ་རིང་ལུགས་ལ་མཐའ་གཅིག་ཏུ་ཆམ་ཕབ་བཏང་སྟེ། རྒྱལ་ཁབ་ཀྱི་བདེ་འཇགས་དང་གཏན་འཇགས་ལ་སྲུང་སྐྱོབ་བྱེད་རྒྱུ་ཡིན་ཟེར། 


ལོ་ཙཱ་བ། བསོད་ནམས་ཚེ་རིང་།