ཅོར་ཏན་གྱིས་ཀྲུང་གོའི་བར་གྱི་རིམས་འགོག་མཉམ་ལས་གཏིང་ཟབ་ཏུ་གཏོང་འདོད་ཡོད་ཟེར།
2020.06.24 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 7

ཅོར་ཏན་གྱི་འཕྲོད་བསྟེན་བློན་ཆེན་ས་ཨ་ཏི.ཅ་པིས་ཨར་གྱིས་ཚེས་ཉེར་གསུམ་ཉིན་བཤད་རྒྱུར། ཅོར་ཏན་གྱིས་ཀྲུང་གོའི་བར་གྱི་པྲོག་དབྱིབས་ནད་དུག་གསར་བའི་གློ་ཚད་རིམས་ནད་ལ་འགོག་རྒོལ་བྱེད་པའི་ཕྱོགས་ཀྱི་མཉམ་ལས་གཏིང་ཟབ་ཏུ་གཏོང་རྒྱུའི་རེ་བ་བཅངས་ཡོད་ཟེར།

ཉིན་དེར་ཨན་མན་ནས་བསྡུས་པའི་གསར་འགྱུར་སྒྲོག་སྤེལ་ཚོགས་འདུའི་སྟེང་། ཅ་པིས་ཨར་གྱིས་ཞིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པའི་དྲི་བར་ལན་འདེབས་སྐབས་བཤད་རྒྱུར། ཅོར་ཏན་གྱིས་ནམ་ཡང་ཀྲུང་གོའི་བར་གྱི་འབྲེལ་ཡོད་ཕྱོགས་ཀྱི་རིམས་འགོག་མཉམ་ལས་ལ་ཧ་ཅང་མཐོང་ཆེན་བྱེད་ཀྱིན་ཡོད། རིམས་ནད་བྱུང་རྗེས། ཅོར་ཏན་འཕྲོད་བསྟེན་པུའུ་ཡིས་ཀྲུང་གོའི་ཅོར་ཏན་དུ་སྡོད་པའི་གཞུང་ཚབ་ཁང་བར་གྱི་བརྗེ་རེས་རྒྱུན་འཁྱོངས་བྱས་པ་དང་རིམས་འགོག་ཉམས་མྱོང་བརྗེ་རེས་བྱས་པ་མ་ཟད། ཀྲུང་གོའི་སྲིད་གཞུང་དང་ཁེ་ལས་སོགས་ཀྱི་རོགས་སྐྱོར་དང་ལེན་བྱས་པའི་ཞོར་དུ། ཀྲུང་གོ་ནས་རིམས་འགོག་སྨན་བཅོས་མཁོ་དངོས་འབོར་ཆེན་ནང་འདྲེན་བྱས་ཟེར།

ཁོས་བཤད་རྒྱུར། ཅོར་ཏན་གྱིས་པྲོག་དབྱིབས་ནད་དུག་གསར་བའི་གློ་ཚད་ཀྱི་འགོག་སྨན་ཞིབ་འཇུག་གསར་སྤེལ་དང་བཅས་པའི་ཀྲུང་གོའི་རིམས་འགོག་ཐད་ཀྱི་གནས་ཚུལ་གསར་བར་དོ་སྣང་ཆེན་པོ་བྱེད་ཀྱིན་ཡོད་པ་དང་། མུ་མཐུད་དུ་ཀྲུང་གོའི་རིམས་འགོག་གི་ཉམས་མྱོང་དང་གྲུབ་འབྲས་མཉམ་སྤྱོད་བྱས་ཏེ། ཅོར་ཏན་མི་དམངས་ལ་བདེ་སྐྱིད་བསྐྲུན་པའི་རེ་བ་བཅངས་ཡོད་ཟེར།

ལོ་ཙཱ་བ། རིན་ཆེན་མཚོ།