མའོ་ཞི་ཁོའི་ལྷོ་ཕྱོགས་ས་ཁུལ་དུ་ཚད་རིམ་བདུན་དང་གྲངས་ཆུང་ལྔའི་ས་འགུལ་བྱུང་། 
2020.06.24 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 47

ཟླ་དྲུག་པའི་ཚེས་ཉེར་གསུམ་ཉིན། མའོ་ཞི་ཁོའི་ཝ་ཧཱ་ཁཱ་ཀྲིག་ནས། སྡོད་ཁང་ལ་ས་འགུལ་ཁྲོད་གཏོར་བརླག་ཐེབས་པའི་རྣམ་པ། 


ཟླ་དྲུག་པའི་ཚེས་ཉེར་གསུམ་ཉིན། མའོ་ཞི་ཁོའི་རྒྱལ་ས་མའོ་ཞི་ཁོ་མཁར་ནས། ས་འགུལ་བྱུང་རྗེས་མི་མང་བོ་སྲང་ལམ་དུ་འདུས་ཡོད།  

མའོ་ཞི་ཁོའི་ལྷོ་ཕྱོགས་ཀྱི་ཝ་ཧཱ་ཁཱ་ཀྲིག་ཏུ་ཚེས་ཉེར་གསུམ་ཉིན་ཚད་རིམ་བདུན་དང་གྲངས་ཆུང་ལྔའི་ས་འགུལ་བྱུང་སྟེ་མི་དྲུག་རྐྱེན་ལམ་དུ་ཤོར། མིག་སྔར་ཀྲུང་གོའི་སྤྱི་དམངས་ས་འགུལ་ཁྲོད་རྐྱེན་ལམ་དུ་ཤོར་བའི་སྙན་ཞུ་བསྒྲགས་མེད། 

མའོ་ཞི་ཁོའི་རྒྱལ་ཁབ་ས་འགུལ་བརྟག་དཔྱད་ཅུའུ་ཡིས་སྤེལ་བའི་གནས་ཚུལ་ལྟར་ན། ས་འགུལ་དེ་ནི་ཚེས་ཉེར་གསུམ་ཉིན་གྱི་དུས་ཚོད་བཅུ་དང་སྐར་མ་ཉེར་དགུའི་སྟེང་བྱུང་བ་དང་། ས་འགུལ་བྱུང་ས་གཙོ་བོ་ནི་ཝ་ཧཱ་ཁཱ་ཀྲིག་གི་ཁི་ལུའུ་སའེ་ཞི་ཐཱ་ལྷོ་ངོས་ཀྱི་སྤྱི་ལེ་ཉེར་གསུམ་ཡི་མཚམས་ཡིན་ལ། ས་འགུལ་གྱི་གཏིང་ཚད་ལ་སྤྱི་ལེ་ལྔ་ཙམ་ཡོད། རྒྱལ་ས་མའོ་ཞི་ཁོ་མཁར་ནས་ས་འགུལ་གྱི་ཉེན་བརྡ་གྲགས་པ་དང་། རྒྱལ་ཡོངས་ཀྱི་ས་ཁུལ་མང་བོར་ས་འགུལ་གྱི་ཚོར་སྣང་མངོན་གསལ་ལྡན། 

མའོ་ཞི་ཁོ་ནང་སྲིད་པུའུ་ཡི་ཁོངས་སུ་གཏོགས་དམངས་སྲུང་སྡེ་ཁག་གིས་བསྟན་དོན། མིག་སྔར་ས་འགུལ་འཕྲལ་སྒྲུབ་ཇུས་གཞི་ལག་བསྟར་བྱས་ཡོད་ཟེར། 




ལོ་ཙཱ་བ། བསོད་ནམས་ཚེ་རིང་།