དབྱི་ཐ་ལི་རྒྱལ་ཁབ་ཏུ་རིམས་ནད་བྱུང་བའི་གནས་བབ་ཇེ་བཟང་དུ་འགྲོ་བཞིན་ཡོད།
2020.06.24 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 28

དབྱི་ཐ་ལི་དམངས་དོན་སྲུང་སྐྱོབ་ལས་ཁུངས་ཀྱིས་ཚེས་ཉེར་གསུམ་ཉིན་ པྲོག་གསར་གློ་ཚད་རིམས་ནད་ཀྱི་གནས་ཚུལ་བསྒྲགས་པ་ལྟར་ན། དབྱི་ཐ་ལི་རྒྱལ་ཁབ་ཏུ་རིམས་ནད་བྱུང་བའི་གནས་བབ་ཇེ་བཟང་དུ་འགྲོ་བཞིན་ཡོད་ལ། ཉིན་དེར་རྐྱེན་ལམ་དུ་ཤོར་བའི་ནད་པ་བཅོ་བརྒྱད་འཕར་སྣོན་བྱུང་བ་དང་། ཟླ་གསུམ་པའི་ཚེས་གསུམ་ཉིན་གྱི་ཚུན་ལ་རྐྱེན་ལམ་དུ་ཤོར་བའི་ནད་པ་ཆེས་ཉུང་བ་ཡིན་ལ། བསྡོམས་པས་ནད་པ་ཁྲི་གསུམ་དང་སྟོང་བཞི་དྲུག་བརྒྱ་དོན་ལྔ་རྐྱེན་ལམ་དུ་ཤོར། ད་ལྟ་པྲོག་གསར་གློ་ཚད་བྱུང་བའི་ནད་པ་ཁྲི་གཅིག་དང་སྟོང་དགུ་ལྔ་བརྒྱ་དོན་གསུམ་ལ་ཇེ་ཉུང་དུ་སོང་བ་དང་། དེ་སྔ་ཉིན་དང་བསྡུར་ན་ནད་པ་སྟོང་གཅིག་དང་རེ་བཞི་ཇེ་ཉུང་དུ་སོང་།

དབྱི་ཐ་ལི་རྒྱལ་ཡོངས་བྱ་བའི་ཚོགས་རའི་དོན་རྐྱེན་ཉེན་ཚབ་ཞིབ་འཇུག་ཁང་གིས་ཉིན་དེར་བསྒྲགས་པའི་གནས་ཚུལ་ལྟར་ན། ཟླ་དྲུག་པའི་ཚེས་བཅོ་ལྔ་ཉིན་གྱི་བར། མི་ཁྲི་བཞི་དང་སྟོང་དགུ་ཉེར་གཅིག་ལ་བྱ་བའི་ཚོགས་ར་ནས་པྲོག་དབྱིབས་ནད་དུག་འགོས་ཤིང་། དེའི་ནང་དུ་སྨན་བཅོས་འཕྲོད་བསྟེན་ལས་རིགས་དང་རྒན་གསོ་ཁང་སོགས་སྤྱི་ཚོགས་ཞབས་ཞུ་ཚོགས་ར་ནས་འགོས་ཁྱབ་བྱུང་བའི་ནད་པས་བྱ་བའི་ཚོགས་ར་ནས་འགོས་པའི་ནད་པའི་བརྒྱ་ཆའི་དོན་གཉིས་ལྷག་ཟིན་པ་དང་། འགོས་ཁྱབ་བྱུང་བའི་མི་གྲངས་ཅུང་མང་བ་ནི་ད་དུང་ཉེན་རྟོག་དང་དག་གཙང་ལས་བཟོ་བ། ཟས་རིགས་བཟོ་གྲྭ། སྨན་ལས་བཟོ་གྲྭའི་ལས་བཟོ་བ་དང་ཟ་ཁང་གི་ཞབས་ཞུ་བ་སོགས་རེད།

                                                                                             ལོ་ཙཱ་བ། བཀྲ་ཤིས་འབུམ།