དབྱི་ཐ་ལི་རྒྱལ་ཁབ་ཏུ་པྲོག་གསར་གློ་ཚད་རིམས་ནད་བྱུང་བའི་ནད་པ་དྲག་ཚད་རྒྱུན་མཐུད་སྒོས་ཇེ་མང་དུ་འགྲོ་བཞིན་ཡོད།
2020.06.26 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 26

དབྱི་ཐ་ལིའི་འཕྲོད་བསྟེན་པུའུ་ཡིས་ཚེས་ཉེར་ལྔ་ཉིན་བསྒྲགས་པའི་པྲོག་གསར་གློ་ཚད་རིམས་ནད་ཀྱི་གནས་ཚུལ་ལྟར་ན། དབྱི་ཐ་ལི་རྒྱལ་ཁབ་ཏུ་པྲོག་གསར་གློ་ཚད་རིམས་ནད་བྱུང་བའི་ནད་པ་དྲག་ཚད་རྒྱུན་མཐུད་སྒོས་ཇེ་མང་དུ་འགྲོ་བཞིན་ཡོད་པ་དང་། ད་ལྟ་ནད་པའི་གྲངས་ཀ་ཁྲི་གཅིག་དང་སྟོང་བརྒྱད་སུམ་བརྒྱ་དང་གསུམ་ལ་ཇེ་ཉུང་དུ་སོང་ཞིང་དེ་སྔ་ཉིན་དང་བསྡུར་ན་ནད་པ་སུམ་བརྒྱ་དང་ང་གཉིས་ཇེ་ཉུང་དུ་སོང་།

གཞི་གྲངས་ལས་མངོན་པ་ལྟར་ན། དབྱི་ཐ་ལི་རྒྱལ་ཁབ་ཏུ་ཉིན་དེར་པྲོག་གསར་གློ་ཚད་རིམས་ནད་ལ་ངོས་བཟུང་བའི་ནད་པ་ཉིས་བརྒྱ་དང་གོ་དྲུག་འཕར་སྣོན་བྱུང་བ་དང་། བསྡོམས་པས་ངོས་བཟུང་བའི་ནད་པ་འབུམ་གཉིས་དང་ཁྲི་གསུམ་སྟོང་དགུ་དང་བདུན་བརྒྱ་དང་དྲུག་ལ་སླེབས།  ནད་པ་དྲུག་བརྒྱ་དང་བཅུ་བཞི་དྲག་སྐྱེད་བྱུང་བ་དང་བསྡོམས་པས་ནད་པ་འབུམ་གཅིག་དང་ཁྲི་བརྒྱད་སྟོང་དྲུག་དང་བདུན་བརྒྱ་ཉེར་ལྔ་དྲག་སྐྱེད་བྱུང་། རྐྱེན་ལམ་དུ་ཤོར་བའི་ནད་པ་སོ་བཞི་འཕར་སྣོན་བྱུང་བ་དང་བསྡོམས་པས་ནད་པ་ཁྲི་གསུམ་དང་སྟོང་བཞི་དྲུག་བརྒྱ་དང་དོན་བརྒྱད་རྐྱེན་ལམ་དུ་ཤོར།

ད་ལྟའི་ནད་པའི་ཁྲོད་དུ་མི་ཁྲི་གཅིག་དང་སྟོང་དྲུག་དྲུག་བརྒྱ་གྱ་ལྔ་ལ་ཁྱིམ་ཚང་དུ་ལོགས་བཀར་བྱས་ཡོད་པ་དང་། མི་སྟོང་གཅིག་དང་ལྔ་བརྒྱ་བཅོ་ལྔ་ལ་སྨན་ཁང་དུ་སྨན་བཅོས་བྱེད་ཀྱིན་ཡོད་ལ། མི་བརྒྱ་དང་གསུམ་ལ་ནད་པ་ལྗིད་མོའི་ལྟ་སྐྱོང་ཁང་དུ་སྨན་བཅོས་བྱེད་ཀྱིན་ཡོད།

                                                                                            ལོ་ཙཱ་བ། བཀྲ་ཤིས་འབུམ།