དབྱི་ལིང་གིས་རྒྱལ་སྤྱིའི་ཉེས་དོན་ཉེན་རྟོག་རྩ་འཛུགས་ཀྱིས་ཐི་ལིང་ཕུའུ་འཛིན་བཟུང་བྱེད་དགོས་པའི་རེ་བ་བཏོན། 
2020.06.30 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 0

དབྱི་ལིང་ཏི་ཧེ་ལན་གྲོང་ཁྱེར་གྱི་ཞིབ་དཔྱོད་དཔོན་པོ་མེད་ཧི་ཨར་གྱིས་ཚེས་དགུའི་ཉིན་བཤད་རྒྱུར། དབྱི་ལིང་གིས་རྒྱལ་སྤྱིའི་ཉེས་དོན་ཉེན་རྟོག་རྩ་འཛུགས་ཀྱིས་དབྱི་ལིང་དབྱི་སི་ལན་གསར་བརྗེ་ཉེན་སྲུང་རུ་ཁག་གི་ཁོངས་སུ་གཏོགས་པའི་ལྷ་མཁར་སྟོང་ཤོག་གི་བཀོད་འདོམ་དཔོན་པོ་སུའུ་ལའེ་མན་ནེ་ལྐོག་གསོད་བྱས་པའི་གྱོད་དོན་དང་འབྲེལ་བའི་ཨ་མེ་རི་ཁའི་དཔོན་པོ་སོ་དྲུག་འཛིན་བཟུང་བྱེད་དགོས་པའི་རེ་བ་བཏོན། དེའི་ནང་དུ་ཨ་མེ་རི་ཁའི་ཙུང་ཐུང་ཐི་ལིང་ཕུའུ་ཡང་འདུས་ཡོད། 

མེད་ཧི་ཨར་གྱིས་བསྟན་དོན། དབྱི་ལིང་ཕྱོགས་ཀྱིས་སུའུ་ལའེ་མན་ནེ་ལྐོག་གསོད་བྱས་པའི་གྱོད་དོན་ལ་འབྲེལ་བའི་ཨ་མེ་རི་ཁའི་ཆབ་སྲིད་དང་དམག་དོན་གྱི་དཔོན་པོ་སོ་དྲུག་ལ་རྟོག་ཞིབ་བྱས་པ་དང་། ཁོ་ཚོས་ལྐོག་གསོད་ནག་ཉེས་དང་འཇིགས་སྐུལ་བྱ་འགུལ་སྤེལ་བའི་ཉེས་པ་བསགས་ཡོད་པར་སྐྱོན་འཛུགས་བྱས། 

རྒྱལ་སྤྱིའི་ཉེས་དོན་ཉེན་རྟོག་རྩ་འཛུགས་ཀྱིས་དོན་དེའི་ཐད་ནས་རྣམ་འགྱུར་ཅི་ཡང་བསྟན་མེད། 

ད་ལོའི་ཟླ་དང་པོའི་ཚེས་གསུམ་ཉིན། སུའུ་ལའེ་མན་ནེ་ལ་དབྱི་རག་གི་པཱ་ཀ་ཏཱའི་རྒྱལ་སྤྱིའི་གནམ་གྲུ་ཐང་གི་ཕྱི་རོལ་ནས་ཨ་མེ་རི་ཁའི་དམག་དཔུང་གི་བར་སྣང་འཇབ་རྒོལ་ཐེབས་ཏེ་རྐྱེན་ལམ་དུ་ཤོར་བ་རེད། 



ལོ་ཙཱ་བ། བསོད་ནམས་ཚེ་རིང་།