དབྱི་ལིང་གསར་འགྱུར་ལས་རིགས་ཀྱིས་བསྒྲགས་པ་ལྟར་ན། དབྱི་ལིང་གི་རྒྱལ་ས་ཏི་ཧེ་ལན་བྱང་ཕྱོགས་ཀྱི་སྨན་བཅོས་ལྟེ་གནས་ཤིག་ཏུ་ཟླ་དྲུག་པའི་ཚེས་སུམ་ཅུ་ཉིན་གྱི་དགོང་མོར་འགས་གཏོར་དོན་རྐྱེན་བྱུང་སྟེ། ཉུང་མཐར་ཡང་མི་བཅུ་གསུམ་རྐྱེན་ལམ་དུ་ཤོར་བ་དང་། མི་དྲུག་ལ་རྨས་ཕོག་ཟེར།
བསྒྲགས་པ་ལྟར་ན། འགས་གཏོར་དོན་རྐྱེན་དེ་ཏི་ཧེ་ལན་གྱི་ཐཱ་ཅི་ལི་ཧྲི་ཐང་ཆེན་ཉེ་འདབས་ཀྱི་སྨན་བཅོས་ལྟེ་གནས་ཤིག་ནས་བྱུང་། འགས་གཏོར་དེ་ལས་མེ་སྐྱོན་ཆེན་པོ་བྱུང་བ་དང་། མེ་གསོད་མི་སྣ་མྱུར་མོར་ཡུལ་དངོས་སུ་འབྱོར། མིག་སྔར་མེ་བསད་པ་དང་མེ་གསོད་མི་སྣ་དག་གིས་སྔོག་བཤེར་བྱེད་བཞིན་ཡོད་ལ། རྨས་མ་དག་སྨན་ཁང་དུ་བསྐྱལ་ནས་གསོ་བཅོས་བྱེད་བཞིན་ཡོད་ཟེར།
ཏི་ཧེ་ལན་བྲེལ་མྱུར་ཞབས་ཞུའི་སྡེ་ཁག་གི་འགན་ཁུར་བ་སཱ་པའོ་ལི་ཨན་གྱིས་བཤད་རྒྱུར། ཐེངས་འདིའི་དོན་རྐྱེན་ནི་སོལ་རླངས་ཀྱི་སྣོད་འགས་གཏོར་བྱུང་བ་ལས་བྱུང་བ་རེད་ཟེར། བསྒྲགས་པ་ལྟར་ན། སྨན་བཅོས་ལྟེ་གནས་དེར་དབྱང་དབུགས་ཀྱི་སྣོད་མང་བོ་ཡོད་པས། འགས་གཏོར་ཡང་བསྐྱར་འབྱུང་བའི་ཉེན་ཁ་ཡོད་ཟེར།
ལོ་ཙཱ་བ། བསོད་ནམས་ཚེ་རིང་།