སེ་ནེ་ཀལ་དུ་སྡོད་པའི་ཀྲུང་གོའི་གཞུང་ཚབ་ཁང་གིས་ཏ་ཁ་ཨར་གྲོང་ཁྱེར་སྲིད་གཞུང་ལ་ཀོང་ཀྲིག་གྲོང་ཁྱེར་སྲིད་གཞུང་གིས་རོགས་སྐྱོར་གནང་བའི་རིམས་འགོག་དངོས་རྫས་བརྒྱུད་སྤྲོད་བྱས།
2020.07.01 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 22

སེ་ནེ་ཀལ་དུ་སྡོད་པའི་ཀྲུང་གོའི་གཞུང་ཚབ་ཁང་གིས་ཟླ་དྲུག་པའི་ཚེས་སུམ་ཅུ་ཉིན་སེ་ནེ་ཀལ་གྱི་རྒྱལ་ས་ཏ་ཀི་ཨར་གྲོང་ཁྱེར་སྲིད་གཞུང་ལ་ཀོང་ཏུང་ཞིང་ཆེན་ཀོང་ཀྲིག་གྲོང་ཁྱེར་སྲིད་གཞུང་གིས་རོགས་སྐྱོར་གནང་བའི་རིམས་འགོག་དངོས་རྫས་བརྒྱུད་སྤྲོད་བྱས། ཏ་ཁ་ཨར་གྲོང་ཁྱེར་གྱི་ཧྲི་ཀྲང་ཨེ་ཨར་བ་ཨར་ཏིས་ཉི་ཡིས་དེར་བཀའ་དྲིན་ཞུས། ཁོ་མོས་བཤད་རྒྱུར། སེ་ནེ་ཀལ་ལ་རིམས་ནད་བྱུང་བའི་གནད་འགག་དུས་སྐབས་སུ་ཀོང་ཀྲིག་གྲོང་ཁྱེར་སྲིད་གཞུང་གིས་ཁ་ཏ་ཨར་གྲོང་ཁྱེར་ལ་རིམས་འགོག་དངོས་རྫས་ཞལ་འདེབས་སུ་ཕུལ་བ་དེ་ལས་རྒྱལ་ཁབ་གཉིས་བར་དུ་མཐུན་སྒྲིལ་མཛའ་མཐུན་ལྡན་པ་མངོན་པར་བྱས་ཡོད། རོགས་སྐྱོར་དངོས་རྫས་སྐོར་དེས་ཁ་ཏ་ཨར་མང་ཚོགས་རིམས་ནད་ཀྱི་དཀའ་ཁག་ལས་ཐར་བར་རོགས་རམ་བྱེད་ངེས་ཡིན་ཟེར།

ཨེ་ཨར་བ་ཨར་ཏིས་ཉི་ཡིས་བཤད་དོན། ཏ་ཁ་ཨར་གྲོང་ཁྱེར་སྲིད་གཞུང་གིས་་མི་འགྱངས་པར་ཀོང་ཀྲིག་གྲོང་ཁྱེར་སྲིད་གཞུང་བར་ལ་མཉམ་ལས་ཀྱི་གྲོས་མཐུན་བཀོད་དེ་གྲོང་ཁྱེར་གཉིས་ཀྱི་མཛའ་མཐུན་འབྲེལ་བ་སྲ་བརྟན་དུ་གཏོང་ངེས་ཡིན་ཟེར།

ཟླ་དྲུག་པའི་ཚེས་སུམ་ཅུ་ཉིན་བར། སེ་ནེ་ཀལ་རྒྱལ་ཁབ་ཏུ་བསྡོམས་པས་པྲོག་གསར་གློ་ཚད་རིམས་ནད་ཕོག་པར་ངོས་བཟུང་བའི་ནད་པ་སྟོང་དྲུག་དང་བདུན་བརྒྱ་གོ་གསུམ་ཡོད་པ་དང་། དེའི་ནང་དུ་ནད་པ་བརྒྱ་དང་བཅུ་གཉིས་རྐྱེན་ལམ་དུ་ཤོར་ཞིང་ནད་པ་སྟོང་བཞི་དང་བཞི་བརྒྱ་སོ་གཅིག་དྲག་སྐྱེད་བྱུང་།

                                                                                      ལོ་ཙཱ་བ། བཀྲ་ཤིས་འབུམ།