ཀྲུང་གོ་དང་ཝ་ནུའུ་ཨ་ཐུའུ་གཉིས་ཀྱིས་རིམས་འགོག་མཉམ་ལས་བརྙན་རིས་བརྗེ་རེས་བྱ་འགུལ་བསྡུས།
2020.07.02 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 7

ཀྲུང་གོ་དང་ཝ་ནུའུ་ཨ་ཐུའུ་རྒྱལ་ཁབ་གཉིས་ཀྱི་སྲིད་ཏང་གིས་ཚེས་གཅིག་ཉིན་མཉམ་དུ་རིམས་འགོག་བྱེད་པ་དང་མཉམ་དུ་འཕེལ་རྒྱས་སུ་གཏོང་བ་བརྗོད་དོན་བྱས་ནས། རིམས་འགོག་མཉམ་ལས་བརྙན་རིས་བརྗེ་རེས་བྱ་འགུལ་སྤེལ། ཀྲུང་གུང་ཀྲུང་དབྱང་ཕྱི་ཕྱོགས་འབྲེལ་འདྲིས་པུའུ་ཡི་པུའུ་ཀྲང་སུང་ཐའོ་དང་ཝ་ནུའུ་ཨ་ཐུའུ་ཝ་ཐུའུ་ཏང་གི་ཀྲུའུ་ཞི། སྲིད་གཞུང་གི་ཙུང་ལི་ལ་ཧྥུའུ་མན་སོགས་བྱ་འགུལ་ལ་ཞུགས་པར་མ་ཟད་ཤིས་ཚིག་ཕུལ།

སུང་ཐའོ་ཡིས་བསྟན་དོན། ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཝ་ནུའུ་ཨ་ཐུའུ་ཡི་འགོ་ཁྲིད་མི་སྣས་ཀྲུང་གོ་དང་ཝ་ནུའུ་ཨ་ཐུའུ་ཡི་འབྲེལ་བ་ཕན་ཚུན་བརྩི་བཀུར་བྱེད་པ་དང་མཉམ་དུ་འཕེལ་རྒྱས་སུ་གཏོང་བའི་ཁྱོན་ཡོངས་འཐབ་ཇུས་གྲོགས་པོའི་འབྲེལ་བ་མཐོར་འདེགས་བཏང་སྟེ། ཕྱོགས་གཉིས་མཉམ་ལས་ཐད་ཁ་ཕྱོགས་གསལ་བོ་བསྟན། ཀྲུང་གོ་གུང་ཁྲན་ཏང་གིས་ཝ་ནུའུ་ཨ་ཐུའུ་ཡི་སྲིད་ཏང་གཙོ་བོའི་བར་གྱི་འགྲོ་འོང་དམ་ཟབ་རྒྱུན་འཁྱོངས་བྱེད་པ་དང་། ཝ་ནུའུ་ཨ་ཐུའུ་ཡི་སྲིད་ཏང་བར་གྱི་རྒྱལ་སྐྱོང་སྲིད་སྐྱོང་གི་ཉམས་མྱོང་བརྗེ་རེས་བྱེད་པར་ཤུགས་བསྣན་ནས། ཞི་བདེ་རྒྱ་མཚོའི་གླིང་ཕྲན་རྒྱལ་ཁབ་ཀྱི་རིམས་ནད་སྔོན་འགོག་ཚོད་འཛིན་དང་དཔལ་འབྱོར་སླར་གསོ་བྱེད་པ། དམངས་ཚིས་ལེགས་བསྒྱུར་བྱེད་པའི་ཐད་རྒྱབ་སྐྱོར་སྔར་ལས་མང་པོ་འདོན་སྤྲོད་བྱེད་པ་དང་། མིའི་རིགས་ཀྱི་འཕྲོད་བསྟེན་བདེ་ཐང་གི་ཐུན་མོང་ཚོགས་པ་འཛུགས་སྐྲུན་བྱེད་པར་སྐུལ་འདེད་གཏོང་འདོད་ཡོད་ཟེར།

ལོ་ཙཱ་བ། རིན་ཆེན་མཚོ།