སུའུ་ཏན་གྱི་སྲིད་གཞུང་ལ་ངོ་རྒོལ་བྱེད་པའི་དྲག་ཆས་རྩ་འཛུགས་གཙོ་བོས་ཕྱོགས་གཅིག་ནས་ཟླ་ངོ་བདུན་ལ་འཁྲུག་རྩོད་མཚམས་འཇོག་རྒྱུ་ཁྱབ་སྒྲོག་བྱས། 
2020.07.02 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 9

སུའུ་ཏན་གྱི་སྲིད་གཞུང་ལ་ངོ་རྒོལ་བྱེད་པའི་དྲག་ཆས་རྩ་འཛུགས་གཙོ་བོ་སུའུ་ཏན་མི་དམངས་བཅིངས་འགྲོལ་ལས་འགུལ་གྱིས་ཟླ་བདུན་པའི་ཚེས་གཅིག་ཉིན་ཁྱབ་སྒྲོག་བྱས་དོན། རྩ་འཛུགས་དེས་ཉིན་དེ་ནས་བཟུང་ཕྱོགས་གཅིག་ནས་ཟླ་ངོ་བདུན་རིང་འཁྲུག་རྩོད་མཚམས་འཇོག་རྒྱུ་ཡིན་ཟེར། 

སུའུ་ཏན་མི་དམངས་བཅིངས་འགྲོལ་ལས་འགུལ་གྱི་མགོ་ཁྲིད་པ་ཧི་ལུའུ་ཡིས་ཉིན་དེར་གསལ་སྒྲོག་ཅིག་ལས་བཤད་རྒྱུར། དགྲར་འཛིན་འགུལ་སྐྱོད་མཚམས་འཇོག་པའི་ས་ཁུལ་ལ་རྩ་འཛུགས་དེས་ཚོད་འཛིན་བྱེད་པའི་ས་ཁུལ་ཚང་མ་འདུས་ཡོད་ལ། འཁྲུག་རྩོད་མཚམས་འཇོག་པའི་ཡུན་ཚད་ནི་ཟླ་བདུན་པའི་ཚེས་གཅིག་ཉིན་ནས་ཉིས་སྟོང་ཉེར་གཅིག་ལོའི་ཟླ་དང་པོའི་ཚེས་སོ་གཅིག་ཉིན་བར་ཡིན་ཟེར། 

ཧི་ལུའུ་ཡིས་རྩ་འཛུགས་དེས་འཁྲུག་རྩོད་མཚམས་འཇོག་པའི་གྲོས་མཐུན་བརྩི་སྲུང་བྱེད་དགོས་པ་དང་། རང་སྲུང་དང་མི་སེར་དཀྱུས་མར་སྲུང་སྐྱོབ་བྱེད་པའི་དམིགས་ཡུལ་མིན་ན་དགྲར་འཛིན་གྱི་འགུལ་སྐྱོད་ཅི་ཡང་སྤེལ་མི་རུང་བའི་ཚུལ་བསྟན། ཁོས་བསྟན་དོན། བྱ་སྤྱོད་དེ་ནི་ཞི་བའི་སྒོ་ནས་སུའུ་ཏན་ནང་ཁུལ་གྱི་འཁྲུག་རྩོད་ཐག་གཅོད་བྱེད་པའི་དགེ་བའི་རྣམ་འགྱུར་ཞིག་ཡིན་པ་དང་། སྤེལ་བཞིན་པའི་ཞི་བདེའི་གྲོས་མོལ་ལ་གྲུབ་འབྲས་ཐོབ་པར་གོ་སྐབས་བསྐྲུན་པ་ཡིན་ཟེར། 




ལོ་ཙཱ་བ། བསོད་ནམས་ཚེ་རིང་།