ཁོ་ལོམ་པི་ཡའི་གཏེར་ཁྲོན་ཞིག་འབར་གས་བྱུང་ནས་ཉུང་མཐར་ཡང་མི་དྲུག་རྐྱེན་ལམ་དུ་ཤོར།
2020.08.01 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 0

ཁོ་ལོམ་པི་ཡའི་བྱང་ཤར་རྒྱུད་ཀྱི་སང་ཐན་ཏེ་ཞིང་ཆེན་གྱི་གཏེར་ཁྲོན་ཞིག་ཏུ་ཚེས་སོ་གཅིག་ཉིན་འབར་གས་དོན་རྐྱེན་བྱུང་བ་དང་། ཉུང་མཐར་ཡང་མི་དྲུག་རྐྱེན་ལམ་དུ་ཤོར།

པེ་སང་ཐན་ཏི་ཞིང་ཆེན་ཨེ་ཨར་སུའུ་ལི་ཡའི་གྲོང་མིའི་འགོག་སྲུང་སྡེ་ཁག་གིས་བཤད་རྒྱུར། གྲོང་ཁྱེར་དེའི་ཉེ་འདབས་ཀྱི་གཏེར་ཁྲོན་ཞིག་ཉིན་དེའི་ཉིན་གུང་གློ་བུར་དུ་འབར་གས་བྱུང་། གཏེར་འདོན་བཟོ་པ་དགུ་ཁྲོན་འོག་ཏུ་ལུས་ཤིང་། དེའི་ཁྲོད་ཀྱི་མི་དྲུག་རྐྱེན་ལམ་དུ་ཤོར་བ་དང་། གཞན་མི་གསུམ་གར་སོང་ཆ་མེད་དུ་གྱུར། ཐོག་མའི་བརྟག་དཔྱད་ལས་མངོན་པར་གཞིགས་ན། འབར་ཐུབ་པའི་རླངས་གཟུགས་གར་ཚད་ཚད་ལས་བརྒལ་བ་ནི་འབར་གས་ཀྱི་ལས་འཛོལ་ཐོན་པའི་རྒྱུ་རྐྱེན་གཙོ་བོ་ཡིན་པ་རེད།

ཨེ་ཨར་སུའུ་ལི་ཡ་གྲོང་ཁྱེར་གྱིའགོ་གཙོ་ཕུའུ་ལ་ཏི་ལི་ཡ་ཡིས་བཤད་རྒྱུར། འཚོལ་སྐྱོབ་ལས་དོན་མུ་མཐུད་སྤེལ་བཞིན་ཡོད་པ་དང་ཉེན་རྟོག་ཕྱོགས་ཀྱིས་དོན་རྐྱེན་ཐོན་སྐབས་གཏེར་ཁྲོན་བདེ་འཇགས་ཐོན་སྐྱེད་ཀྱི་ཚད་གཞིར་སླེབས་མིན་ལ་བརྟག་དཔྱད་བྱེད་བཞིན་ཡོད་པ་རེད།

ད་ལོའི་ཟླ་བཞི་པར། པེ་སང་ཐན་ཏི་ཞིང་ཆེན་ཧྲེང་ཁ་ཡེ་ཐ་ནུའོ་གྲོང་ཁྱེར་གྱི་རྡོ་སོལ་གཏེར་ཁ་ཞིག་འབར་གས་བྱུང་ནས་གཏེར་ཁྲོན་བརྡིབས་ནས་མི་དྲུག་རྐྱེན་ལམ་དུ་ཤོར་བ་དང་མི་གཉིས་ལ་རྨས་སྐྱོན་ཕོག

ལོ་ཙཱ་བ། བན་དེ་སྐྱབས།