འཛམ་གླིང་ཡོངས་སུ་པྲོག་གསར་གློ་ཚད་རིམས་ནད་ལ་ངོས་བཟུང་བའི་ནད་པ་བྱེ་བ་གཅིག་དང་ས་ཡ་བདུན་འབུམ་གཅིག་སྟོང་དྲུག་དང་བདུན་ལ་སླེབས།
2020.08.01 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 18

འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱིས་ཟླ་བདུན་པའི་ཚེས་སོ་གཅིག་ཉིན་བསྒྲགས་པའི་ཆེས་གསར་བའི་གཞི་གྲངས་ལས་མངོན་པ་ལྟར་ན། འཛམ་གླིང་ཡོངས་སུ་པྲོག་གསར་གློ་ཚད་རིམས་ནད་ལ་ངོས་བཟུང་བའི་ནད་པ་བྱེ་བ་གཅིག་དང་ས་ཡ་བདུན་འབུམ་གཅིག་སྟོང་དྲུག་དང་བདུན་ལ་སླེབས་ཡོད།

འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱིས་ཉིན་རེར་རིམས་ནད་གནས་ཚུལ་ཡར་ཞུ་བྱས་པ་ལྟར་ན། ཡོ་རོབ་གླིང་དབུས་ཕྱོགས་ཀྱི་དུས་ཚོད་ཟླ་བདུན་པའི་ཚེས་སོ་གཅིག་ཉིན་གྱི་ཆུ་ཚོད་བཅུའི་བར་དུ་འཛམ་གླིང་ཡོངས་སུ་ངོས་བཟུང་བའི་ནད་པ་སྔ་ཉིན་དང་བསྡུར་ན་ནད་པ་འབུམ་གཉིས་དང་ཁྲི་དགུ་སྟོང་གཉིས་དང་ལྔ་བརྒྱ་ཉེར་བདུན་ཇེ་མང་དུ་སོང་བ་དང་བསྡོམས་པས་ངོས་བཟུང་བའི་ནད་པ་བྱེ་བ་གཅིག་དང་ས་ཡ་བདུན་འབུམ་གཅིག་སྟོང་དྲུག་དང་བདུན་ལ་སླེབས་ཤིང་། རྐྱེན་ལམ་དུ་ཤོར་བའི་ནད་པ་སྟོང་དྲུག་དང་བརྒྱད་བརྒྱ་བཅུ་གཉིས་ཇེ་མང་དུ་སོང་བ་དང་བསྡོམས་པས་ནད་པ་འབུམ་དྲུག་དང་ཁྲི་དྲུག་སྟོང་བརྒྱད་དང་དགུ་བརྒྱ་བཅུ་ལ་སླེབས།

                                                                                                                ལོ་ཙཱ་བ། བཀྲ་ཤིས་འབུམ།