ཕེ་རུ་རྒྱལ་ཁབ་ཀྱི་ཛ་དྲག་གནས་ཚུལ་སླར་ཡང་རིང་དུ་བཏང་།
2020.08.01 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 18

ཕེ་རུ་སྲིད་གཞུང་གིས་ཚེས་སོ་གཅིག་ཉིན་ཁྱབ་བསྒྲགས་བྱས་དོན། ཟླ་བཞི་ལྷག་ཙམ་ལ་ལག་བསྟར་བྱས་པའི་རྒྱལ་ཁབ་ཀྱི་ཛ་དྲག་གནས་ཚུལ་དེ་ཟླ་བརྒྱད་པའི་ཚེས་སོ་གཅིག་ཉིན་བར་ནར་འགྱངས་བྱ་རྒྱུ་མ་ཟད། རྒྱལ་ཡོངས་ཀྱི་ཁྱབ་ཁོངས་སུ་མཚན་འགྲུལ་བཀག་འགོག་མུ་མཐུད་བྱ་རྒྱུ་ཡིན་པ་རེད། བསམ་སྦྱོར་དེ་དག་གིས་རིམས་ནད་གསར་པར་ཁ་གཏད་འཇལ་རྒྱུ་རེད།

ཕེ་རུ་སྲིད་གཞུང་གིས་ཉིན་དེར་ཁྱབ་བསྒྲགས་བྱས་པའི་བཀའ་ཁྲིམས་ལྟར་ན། རྒྱལ་ཁབ་དེའི་ཨ་ལུའེ་ཅི་ཕ་དང་ཨན་ཁ་ཧྲེ་སོགས་རིམས་ནད་ཅུང་ཚབས་ཆེ་བའི་ཞིང་ཆེན་བདུན་གྱིས་དམིགས་སའི་རང་བཞིན་ལྡན་པའི་ཁྱིམ་སྡོད་ལོགས་བཀར་བྱེད་ཐབས་མུ་མཐུད་ལག་ལེན་བསྟར་རྒྱུ་དང་། ཉིན་ལྟར་ཆུ་ཚོད་ཉི་ཤུ་ནས་ཕྱི་ཉིན་གྱི་ཆུ་ཚོད་བཞི་པའི་བར་མཚན་འགྲུལ་བཀག་འགོག་བྱ་རྒྱུ་དང་། ས་ཁུལ་གཞན་དག་གི་ཉིན་ལྟར་ཆུ་ཚོད་ཉེར་གཉིས་ནས་ཕྱི་ཉིན་གྱི་ཆུ་ཚོད་བཞི་བར་མཚན་འགྲུལ་བཀག་འགོག་བྱེད་དགོས།

ཕེ་རུ་ནི་ལ་ཏིང་མེ་གླིང་དང་ཅ་ལེ་པི་ས་ཁུལ་གྱིས་ཐོག་མར་རྒྱལ་ཡོངས་ཀྱི་བཙན་ཐབས་ཀྱིས་ལོགས་བཀར་བྱེད་ཐབས་སྤྱོད་པའི་རྒྱལ་ཁབ་ཀྱི་གྲས་ཤིག་ཡིན། ཟླ་གསུམ་པའི་ཚེས་བཅུ་དྲུག་ཉིན་ཕེ་རུ་རྒྱལ་ཁབ་ཀྱི་ཛ་དྲག་གནས་ཚུལ་ཁྱབ་བསྒྲགས་བྱས་པ་རེད། འོན་ཀྱང་སྤྱི་ཚོགས་དབུལ་པོ་དང་སྲིད་ཇུས་ལག་བསྟར་བྱེད་ཤུགས་ཞན་པ་སོགས་ཀྱི་རྒྱུ་རྐྱེན་མང་པོའི་དབང་གིས་སྔོན་འགོག་ཚོད་འཛིན་བྱེད་ཐབས་སྔོན་དཔག་དམིགས་ཚད་དུ་སླེབས་ཐུབ་མེད། དཔལ་འབྱོར་གནོན་ཤུགས་ཀྱི་དབང་གིས། ཕེ་རུ་ཡིས་ཟླ་ལྔ་པའི་ཟླ་སྟོད་ནས་བཟུང་དུས་མཚམས་དབྱེ་ནས་ལས་འགོ་བསྐྱར་ཚུགས་དང་ཐོན་སྐྱེད་སླར་གསོ་བྱ་རྒྱུར་སྐུལ་འདེད་བཏང་སྟེ། “རིམས་ནད་ཡོད་པའི་བཀག་རྒྱ་མེད་པར་བཟོ་རྒྱུའི”རིམས་འགོག་ལས་དོན་ལ་དཀའ་ཚད་ཆེ་རུ་ཕྱིན་ཡོད། ཉེ་ཆར་ཕེ་རུ་རུ་གསར་དུ་འཕར་བའི་ནད་པ་མང་དུ་ཕྱིན་ནས་རིམས་ནད་བསྐྱར་དུ་ཐོན་ཡོད།

ལོ་ཙཱ་བ། བན་དེ་སྐྱབས།