མའོ་ལོ་ཀིའི་མཚོ་དམག་གིས་མཚོ་ཐོག་ནས་ལྐོག་འགྲོས་མཁན་བརྒྱ་དང་གྱ་གསུམ་བསྐྱབས།
2020.08.02 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 8

མའོ་ལོ་ཀིའི་གསར་འགྱུར་ལས་རིགས་ཀྱིས་ཟླ་བརྒྱད་པའི་ཚེས་གཅིག་ཉིན་བསྒྲགས་པ་ལྟར་ན། མའོ་ལོ་ཀིའི་མཚོ་དམག་གི་ཁོངས་སུ་གཏོགས་པའི་མཚོ་འགྲམ་ཉེན་སྲུང་རུ་ཁག་གིས་ཟླ་བདུན་པའི་ཚེས་ཉེར་དགུ་ཉིན་ནས་ཟླ་བརྒྱད་པའི་ཚེས་གཅིག་ཉིན་བར་མཚོ་ཐོག་ནས་ལྐོག་འགྲོས་མཁན་བརྒྱ་དང་གྱ་གསུམ་བསྐྱབས། 

མའོ་ལོ་ཀིའི་དམག་ཕྱོགས་ཀྱིས་བསྒྲགས་པ་ལྟར་ན། མའོ་ལོ་ཀིའི་མཚོ་འགྲམ་ཉེན་སྲུང་རུ་ཁག་གིས་ས་དཀྱིལ་མཚོ་ཁོངས་དང་ཞི་བདེ་རྒྱ་མཚོ་ཆེན་མོ་ས་ཁུལ་ནས་འགྱིག་ལས་གྲུབ་པའི་གྲུ་གཟིངས་ཆུང་བ་འགའ་རྙེད་དེ། གྲུ་གཟིངས་སྟེང་ནས་མི་བརྒྱ་དང་གྱ་གསུམ་བསྐྱབས་ཟེར། 

བསྒྲགས་པ་ལྟར་ན། ལྐོག་འགྲོས་མཁན་དེ་དག་ཚང་མ་སཱ་ཧཱ་ལཱ་ལྷོ་ངོས་ཀྱི་རྒྱལ་ཁབ་དག་ནས་ཡོང་བ་ཡིན་པ་དང་། མཚོ་འགྲམ་ཉེན་སྲུང་རུ་ཁག་གིས་དེའི་ཁྲོད་ཀྱི་བདེ་ཐང་གནས་ཚུལ་མི་བཟང་བའི་མི་རེ་འགར་དགོས་ངེས་ཀྱི་གསོ་བཅོས་བྱས།

མའོ་ལོ་ཀི་དང་སི་ཕན་གྱི་བར་དུ་པུའུ་ལོ་ཐའོ་མཚོ་འགག་གིས་ཆོད་ཡོད་པ་དང་། ཕན་ཚུན་བར་གྲུ་གཟིངས་ལ་བསྡད་ནས་སོང་ན་སྐར་མ་བཞི་བཅུ་ཙམ་གྱིས་བསླེབ་ཐུབ། མའོ་ལོ་ཀི་ནས་སི་ཕན་དུ་འགྲོ་བ་ནི་ཁྲིམས་འགལ་གནས་སྤོར་སྡོད་དམངས་ཡོ་རོབ་གླིང་དུ་འགྲོ་བའི་ལམ་ཐིག་གཙོ་བོ་ཞིག་ཡིན་པ་རེད། 



ལོ་ཙཱ་བ། བསོད་ནམས་ཚེ་རིང་།