རྒྱ་གར་གྱི་ཕིང་ཀྲི་ཕུའུ་པང་ནས་ཆང་རྫུན་མའི་དོན་རྐྱེན་བྱུང་སྟེ་མི་རེ་གཉིས་རྐྱེན་ལམ་དུ་ཤོར།
2020.08.02 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 0

རྒྱ་གར་གྱི་ཕིང་ཀྲི་ཕུའུ་པང་སྲིད་གཞུང་སྡེ་ཁག་གི་དཔོན་རིགས་ཀྱིས་ཟླ་བརྒྱད་པའི་ཚེས་གཅིག་ཉིན་བཤད་རྒྱུར། ཟླ་བདུན་པའི་ཚེས་ཉེར་དགུའི་ཚུན་ལ། ཕིང་ཀྲི་ཕུའུ་པང་ས་ཆར་ཆང་རྫུན་མའི་དོན་རྐྱེན་བྱུང་བ་ལས་རྐྱེན་ལམ་དུ་ཤོར་བའི་མི་གྲངས་རེ་གཉིས་ལ་འཕར་ཡོད། དེའི་སྔོན་ཕིང་ཀྲི་ཕུའུ་པང་སྲིད་གཞུང་སྡེ་ཁག་གིས་ཟླ་བདུན་པའི་ཚེས་སོ་གཅིག་ཉིན་གསལ་སྒྲོག་སྤེལ་ཏེ། ཆང་རྫུན་མའི་དོན་རྐྱེན་ལས་ཉུང་མཐར་ཡང་མི་ཉེར་གཅིག་རྐྱེན་ལམ་དུ་ཤོར། 

ཕིང་ཀྲི་ཕུའུ་པང་གི་དབུ་བཞུགས་པུའུ་ཀྲང་ཞིན་ཀི་ཡིས་བཀའ་རྒྱ་བཏང་སྟེ་ཆང་རྫུན་མའི་དོན་རྐྱེན་ལ་རྟོག་ཞིབ་བྱེད་དགོས་པའི་རེ་བ་བཏོན། མིག་སྔར་བར་དུ་ཉེན་རྟོག་ཕྱོགས་ཀྱིས་དོན་རྐྱེན་དེར་འབྲེལ་བ་ཡོད་པའི་དོགས་ཡོད་མི་སྣ་བཅུ་འཛིན་བཟུང་བྱས་ཡོད། 

རྒྱ་གར་གྱི་ཞིང་སྡེ་རུ་རྒྱུན་པར་ཚོང་བས་ཆང་རྫུན་མ་བཙོང་ནས་དུག་ཕོག་སྟེ་ཚེ་སྲོག་ཤོར་བའི་དོན་རྐྱེན་མང་དུ་འབྱུང་བཞིན་ཡོད་ལ། ཆང་རྫུན་མ་དེ་དག་ལ་བཟོ་ལས་ཀྱི་ཆང་བཅུད་བསྲེས་ཡོད་པ་རེད། 



ལོ་ཙཱ་བ། བསོད་ནམས་ཚེ་རིང་།