འཇར་པན་དུ་ཉིན་རེར་རིམས་ནད་གསར་པ་གཏན་འཁེལ་བྱས་པའི་ནད་པ་སྟོང་གཅིག་དང་སུམ་བརྒྱ་ལས་བརྒལ།
2020.08.06 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 51

འཇར་པན་རླུང་འཕྲིན་མཐུན་ཚོགས་བརྙན་འཕྲིན་ཁང་གིས་བསྡོམས་རྩིས་བྱས་པ་ལྟར་ན། ཚེས་ལྔ་ཉིན་གྱི་ཆུ་ཚོད་ཉི་ཤུ་དང་སྐར་མ་སུམ་ཅུ་ཡི་བར(པེ་ཅིང་གི་དུས་ཚོད་ཆུ་ཚོད་བཅུ་དགུ་དང་སྐར་མ་སུམ་ཅུའི་བར)འཇར་པན་གྱིས་ཉིན་དེར་ནད་གཞི་གཏན་འཁེལ་བྱས་པའི་ནད་པ་སྟོང་་གཅིག་དང་སུམ་བརྒྱ་ཞེ་གསུམ་གསར་དུ་བསྣན་ཡོད་པ་རེད། སྔ་ཕྱི་སྡེབ་རྩིས་བྱས་ན་ནད་པ་ཁྲི་བཞི་དང་སྟོང་གཉིས་བདུན་བརྒྱ་གོ་དགུ་ཡོད་པ་དང་། ཤི་བའི་ནད་པ་ལྔ་གསར་སྣོན་བྱས་པ་དང་རིམ་རྩིས་བྱས་ན་ནད་པ་སྟོང་གཅིག་དང་ཉེར་བརྒྱད་རིམས་ནད་ཁྲོད་རྐྱེན་ལམ་དུ་ཤོར། འཇར་པན་གྱི་རིམས་ནད་གནས་ཚུལ་ཉེ་ཆར་བསྐྱར་ལོག་བྱུང་བ་དང་། ཟླ་བརྒྱད་པ་ནས་བཟུང་ཉིན་གཅིག་ཁོ་ནར་གཏན་འཁེལ་བྱས་པའི་ནད་པ་སྟོང་གཅིག་ལས་ཉུང་བ་ཡོད་པ་རེད།

ཚེས་ལྔ་ཉིན་ཏུང་ཅིན་ཏུའུ་རུ་ནད་གཞི་གཏན་འཁེལ་བྱས་པའི་ནད་པ་ཉིས་བརྒྱ་རེ་གསུམ་གསར་དུ་འཕར་ཡོད། བསྟུད་མར་ཉིན་དགུའི་རིང་ནད་པ་ཉིས་བརྒྱ་ལས་བརྒལ་ཡོད། ཏུང་ཅིན་ཏུའུ་རུ་སྔ་ཕྱི་སྡེབ་རྩིས་བྱས་ན་ནད་པ་ཁྲི་གཅིག་དང་སྟོང་བཞི་ཉིས་བརྒྱ་གྱ་ལྔ་ཟིན་ཡོད།

ཨའེ་ཀྲི་རྫོང་གིས་ཚེས་བཞི་ཉིན་གནས་ཚུལ་ཛ་དྲག་ཅན་དུ་སླེབས་པ་ཁྱབ་བསྒྲགས་བྱས། མང་ཚོགས་ལ་ཚེས་དྲུག་ནས་ཉེར་བཞིའི་ཉིན་བར་ལྟོ་ཆས་མཉམ་ཟ་དང་རྫོང་བརྒལ་ནས་གཉེན་འཕྲད་དུ་འགྲོ་བ་སོགས་ཛ་དྲག་མེད་པའི་བྱེད་སྒོ་སྤེལ་མི་དགོས་ཀྱང་ཚོང་པས་ལས་མཚམས་འཇོག་དགོས་པའི་བླང་བྱ་བཏོན་མེད། དེ་གོང་ཁྲུང་ཧྲེང་རྫོང་གིས་ཚེས་གཅིག་ཉིན་ཛ་དྲག་གི་རྣམ་པ་ཁྱབ་བསྒྲགས་བྱས་པ་དང་ །འཇར་ཕན་གྱིས་ཟླ་ལྔ་པའི་ཟླ་མཇུག་ཏུ་ཛ་དྲག་གི་རྣམ་པ་མེད་པར་བཟོས་པའི་ཚུན་ལ། ཛ་དྲག་གི་རྣམ་པ་ཞིག་སླར་ཡང་སླེབས་པ་ཁྱབ་བསྒྲགས་བྱས་པའི་ས་གནས་སྲིད་གཞུང་ཐོག་མར་གྱུར་ཡོད།

ལོ་ཙཱ་བ། བན་དེ་སྐྱབས།