ཨེ་ཅིབ་ཀྱི་ཁང་པ་གཅིག་བརྡིབས་ནས་མི་བརྒྱད་རྐྱེན་ལམ་དུ་ཤོར།
2020.08.07 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 22

ཨེ་ཅིབ་གཞུང་ཕྱོགས་ཀྱི《གཏོར་གཟུགས་མཆོད་རྟེན་ཚགས་པར》གྱིས་ཚེས་བདུན་ཉིན་བཀོད་པའི་གནས་ཚུལ་ལྟར་ན། ཨེ་ཅིབ་བྱང་རྒྱུད་ཀྱི་གྲོང་ཁྱེར་ཏ་མའེ་ཧ་ལའེ་ཡི་ཐོག་བརྩེགས་ལྔ་པའི་ཁང་པ་ཞིག་བརྡིབས་ནས་ཉུང་མཐར་ཡང་མི་བརྒྱད་རྐྱེན་ལམ་དུ་ཤོར་བ་རེད། འོན་ཀྱང་དོན་རྐྱེན་བྱུང་བའི་ཞིབ་ཕྲའི་དུས་ཚོད་བསྒྲགས་མེད།
ཐོག་མའི་བརྟག་དཔྱད་ལས་མངོན་པར་གཞིགས་ན། ཁང་པ་དེ་ནི་ཀུང་ཟི་ཞིག་གིས་འཕྲུལ་ཆས་ཆེ་གྲས་སྤྱད་དེ་སྔོག་འདོན་ཨར་ལས་བྱེད་པའི་བརྒྱུད་རིམ་ཁྲོད་བརྡིབས་པ་ཞིག་རེད། ཁང་པ་བརྡིབས་ནས་ཉེ་འགྲམ་ན་ཡོད་པའི་ཁང་པའི་ཕྱི་ངོས་ལ་གཏོར་བརླག་ཐེབས།
    དོན་རྐྱེན་བྱུང་རྗེས། རོགས་སྐྱོབ་དང་སྨན་བཅོས་ཚོགས་པ་ལས་འཛོལ་ཐོན་ཡུལ་དུ་འཚོལ་སྐྱོབ་བྱེད་པར་བསྐྱོད་དེ་ཉེ་འགྲམ་གྱི་གྲོང་མི་ཕྱིར་འཐེན་བྱས་པ་རེད། ཁག་བགོས་འགན་གཙང་ལེན་གྱི་ཚོང་པ་ཚུད་པའི་ལས་དོན་མི་སྣ་གསུམ་འཛིན་བཟུང་བྱས་པ་རེད།
    ཨེ་ཅིབ་ཀྱི་སྤྱི་ཚོགས་མཐུན་སྒྲིལ་པུའུ་ཡིས་སྐྱིན་ཚབ་འཇལ་སྤྲོད་ཨུ་ཡོན་ལྷན་ཁང་འཛུགས་རྒྱུའི་བཀའ་ཕབ་ནས། བྱུར་ཉེས་ཀྱི་ཤུགས་རྐྱེན་ཐེབས་པའི་ཡུལ་མི་རྣམས་ལ་སྲིད་གཞུང་ནས་གནས་སྐབས་འདུག་གནས་བཀོད་སྒྲིག་བྱས།

ལོ་ཙཱ་བ། བན་དེ་སྐྱབས།