ཅེ་ཁིའི་ཤར་ཕྱོགས་ས་ཁུལ་གྱི་ཐོག་ཁང་ཞིག་ལ་མེ་སྐྱོན་བྱུང་སྟེ་མི་བཅུ་གཅིག་རྐྱེན་ལམ་དུ་ཤོར།
2020.08.09 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 29

ཅེ་ཁིའི་ཤར་ཕྱོགས་ས་ཁུལ་གྱི་བརྩེགས་རིམ་བཅུ་གསུམ་ཅན་གྱི་ཐོག་ཁང་ཞིག་ལ་ཚེས་བརྒྱད་ཉིན་གྱི་ཕྱི་དྲོར་མེ་སྐྱོན་བྱུང་སྟེ། མི་བཅུ་གཅིག་རྐྱེན་ལམ་དུ་ཤོར་བ་དང་། མི་བཅུར་རྨས་ཕོག

མེ་སྐྱོན་བྱུང་བའི་ཐོག་ཁང་དེ་ཅེ་ཁིའི་ཤར་ཕྱོགས་ཀྱི་མའོ་ལཱ་ཝེ་ཡཱ་ཞི་ལི་ཞི་ཡཱ་མངའ་སྡེའི་མཐའ་མཚམས་གྲོང་རྡལ་པའོ་ཧུའུ་མེན་དུ་ཡོད། ས་དེའི་མེ་གསོད་སྡེ་ཁག་གི་མགྲིན་ཚབ་པས་བཤད་རྒྱུར། མི་དྲུག་མེ་སྐྱོན་ཁྲོད་རྐྱེན་ལམ་དུ་ཤོར་བ་དང་། གཞན་མི་ལྔ་སྒེའུ་ཁུང་ལས་ལྡང་ནས་རང་སྐྱོབ་བྱེད་རྩིས་བྱས་ཏེ་ཤི་བ་རེད། མེ་སྐྱོན་དེ་ལས་ད་རུང་མེ་གསོད་མི་སྣ་གཉིས་དང་ཉེན་རྟོག་པ་གཅིག་འདུས་པའི་མི་བཅུ་ལྷག་ལ་རྨས་ཕོག 

ཅེ་ཁིའི་ཉེན་རྟོག་ཕྱོགས་ཀྱིས་ཉིན་དེར་བཤད་རྒྱུར། དོན་རྐྱེན་དེའི་འབྱུང་རྐྱེན་ལ་སྔར་ལས་རྟོག་ཞིབ་གསལ་བོ་བྱེད་བཞིན་ཡོད་ཟེར། 

མའོ་ལཱ་ཝེ་ཡཱ་ཞི་ལི་ཞི་ཡཱ་མངའ་སྡེའིའགོ་གཙོ་ཧྥུན་ཏི་ལཱ་ཁི་ཡིས་བཤད་རྒྱུར། མིག་སྔར་བདེན་དཔང་ཚང་མ་ལས་དེ་ནི་བསམ་བཞིན་དུ་བཟོས་པའི་མེ་སྐྱོན་ཞིག་ཡིན་པ་གསལ་བཤད་བྱས་ཡོད། ཉེན་རྟོག་ཕྱོགས་ཀྱིས་བསྟན་དོན། ཐེངས་འདིའི་མེ་སྐྱོན་ལ་འབྲེལ་བ་ཡོད་པའི་སྐྱེས་པ་ཞིག་བཀག་འཇུག་བྱས་ཡོད་ཟེར། 



ལོ་ཙཱ་བ། བསོད་ནམས་ཚེ་རིང་།