འཛམ་གླིང་ཡོངས་སུ་པྲོག་གསར་གློ་ཚད་རིམས་ནད་བྱུང་བའི་ནད་པའི་ཁ་གྲངས་བྱེ་བ་གཅིག་དང་ས་ཡ་དགུ་འབུམ་བཞི་ཁྲི་དྲུག་སྟོང་གཉིས་བརྒྱ་དང་བཅུ་གཉིས་ལ་བསླེབས། 
2020.08.10 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 19

འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱིས་ཚེས་དགུ་ཉིན་བསྒྲགས་པའི་གཞི་གྲངས་གསར་བ་ལྟར་ན། འཛམ་གླིང་ཡོངས་སུ་པྲོག་གསར་གློ་ཚད་རིམས་ནད་བྱུང་བའི་ནད་པའི་ཁ་གྲངས་བྱེ་བ་གཅིག་དང་ས་ཡ་དགུ་འབུམ་བཞི་ཁྲི་དྲུག་སྟོང་གཉིས་བརྒྱ་དང་བཅུ་གཉིས་ལ་བསླེབ་ཡོད། 

གཞི་གྲངས་ལས་མངོན་པ་ལྟར་ན། ཡོ་རོབ་གླིང་དབུས་ཕྱོགས་ཀྱི་ཚེས་དགུ་ཉིན་གྱི་དུས་ཚོད་བཅུའི་བར། འཛམ་གླིང་ཡོངས་སུ་པྲོག་གསར་གློ་ཚད་རིམས་ནད་བྱུང་བའི་ནད་པའི་ཁ་གྲངས་འབུམ་གཉིས་དང་ཁྲི་བདུན་སྟོང་གསུམ་ལྔ་བརྒྱ་ང་གཉིས་ཇེ་མང་དུ་སོང་ནས། བསྡོམས་པས་ནད་པ་བྱེ་བ་གཅིག་དང་ས་ཡ་དགུ་འབུམ་བཞི་ཁྲི་དྲུག་སྟོང་གཉིས་བརྒྱ་དང་བཅུ་གཉིས་ལ་བསླེབས་པ་དང་། རྐྱེན་ལམ་དུ་ཤོར་བའི་ནད་པའི་ཁ་གྲངས་སྟོང་དྲུག་དང་ཉིས་བརྒྱ་བདུན་ཇེ་མང་དུ་སོང་ནས། བསྡོམས་པས་འབུམ་བདུན་དང་ཁྲི་གཉིས་སྟོང་གཉིས་ཉིས་བརྒྱ་གྱ་ལྔར་བསླེབ་ཡོད། 




ལོ་ཙཱ་བ། བསོད་ནམས་ཚེ་རིང་།